སྤྱི་ལོ2020ལོའི་ཟླ07པའི་ཚེས17ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པའི་སྟེང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཐོག་ཁང་ནས་མགོན་པོ་བསོད་ནམས་ཀྱིས་འཁྲབ་ཁྲིད་བྱས་པའི་བརྙན་ཐུང༼བརྗེད་དཀའ་བའི་ཉིན་ཞིག༽ ཅེས་པ་གཟིགས་འབུལ་དང་འབྲེལ་བའི་ཁ་བརྡའི་བྱ་འགུལ་སྤེལ། དེའི་ཐོག་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ཉིས་སྟོང་བཅོ་བརྒྱད་ལོ་དང་བཅུ་དགུ་ལོའི་གློག་བརྙན་རྩོམ་རིག་ཆེད་སྦྱོང་འཛིན་གྲྭ་གཉིས་གཙོས་པའི། སྒྱུ་རྩལ་ལ་དད་མོས་དང་དགའ་ཞེན་ཡོད་པའི་སློབ་གྲོགས་བརྒྱ་ལྷག་འཛོམས་ནས་བརྗེད་དཀའ་བའི་མཚན་མོ་ཞིག་ལ་རོལ།
ཐོག་མར་སྡོང་བུས་བྱ་འགུལ་གྱི་གོ་རིམ་ངོ་སྤྲོད་བྱེད་པ།
གཉིས་པར་ཚང་མས་གློག་བརྙན་གྱི་ཡུ་འདྲེན་བརྙན་ཐུང་ལ་ལྟ་བཞིན་པ།
གསུམ་པར་འཁྲབ་ཁྲིད་པས་གློག་བརྙན་དང་འབྲེལ་བའི་སྐོར་གྱི་ཁ་བརྡ་བྱེད་ཀྱིན་པ།
བཞི་བར་གློག་བརྙན༼བརྗེད་དཀའ་བའི་ཉིན་ཞིག༽ཡུལ་དངོས་ནས་གཟིགས་འབུལ་བྱས་པ།
ལྔ་བར་སོ་སོའི་ཐད་ནས་མྱོང་བ་ཕྲན་ཚེགས་དང་དྲི་བ་དྲིས་ལན་གྱི་བྱ་འགུལ་སྤེལ་བ།
དྲུག་པར་རཱ་བྷེས་གཏམ་བཤད་བྱས་ཤིང་འཁྲབ་ཁྲིད་པས"ང་ཚོ་སྒྱུ་རྩལ་གྱི་ལམ་ཁ་ནས་འཛོམས་ཡོང"ཞེས་པའི་གཏམ་ཕུད་དང་བཅས་བྱ་འགུལ་མཇུག་བསྡུས།
༡༧.༠༧.༢༠༢༠ ཉིན།
དཔྱད་མཆན་ཡོད།