གསེར་རྟའི་བྱ་དགའ་ལས་སྐྱེས་པའི་འཁྲབ་སྟོན་པ་གཙོ་བོ་བྱ་དགའ་ཐོབ་མཁན་བློ་བཟང་ཆོས་འཕེལ།

  ༡༩༥༧ལོར། བློ་བཟང་ཆོས་འཕེལ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་པའི་དུད་ཚང་ཞིག་ནས་སྐྱེས་ལ། ལོ་བཅུ་བཞིའི་སྟེང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ནང་དུ་ལས་བགོས་བྱས་ནས་འཁྲབ་སྟོན་སྐོར་སློབ་སྦྱོང་བྱས་ལ། ༡༩༧༧ལོར་། བློ་བཟང་ཆོས་འཕེལ་ནི་ཧྲང་ཧའེ་ཟློས་གར་སློབ་གླིང་དུ་སློབ་སྦྱོང་ལ་མངགས་ཤིང་། དེ་ནས་བཟུང་ལོ་ངོ་བཞི་བཅུ་ཙམ་གྱི་འཁྲབ་སྟོན་སྒྱུ་རྩལ་ལས་རིགས་དོན་དུ་གཉེར་བ་རེད།


དེ་དུས་ཀྱི་སློབ་གྲོགས་ཚང་མ་ད་བར་འཁྲབ་སྟོན་པ་གྲགས་ཅན་དག་དག་ཡིན།

  “以前如果我演一些死去的场面,亲人就会给我寄信,就说以后不要演这种的场面了,说这种不吉利。但是我作为一个演员是不能够这样的,那个角色需要怎样我就得怎样,那个不是我。我演的是另一个人。”
                                                             ——洛桑群培

  ཁྱད་དུ་འཕགས་པའི་འཁྲབ་སྟོན་འཇོན་ཐང་ལ་བརྟེན་ནས། ཐེངས་དང་པོར་འཁྲབ་སྟོན་བྱས་པའི་གློག་བརྙན་ལ་། སྐབས་སོ་བཅུ་སོ་གསུམ་པའི་གསེར་རྟའི་བྱ་དགའ་ལས་སྐྱེས་པའི་འཁྲབ་སྟོན་པ་གཙོ་བོ་བྱ་དགའ་ཐོབ་ལ། ཐེངས་འདིའི་གྲུབ་འབྲས་བརྒྱུད་དེ་གར་སྟེགས་ཐོག་ནས་འཁྲབ་སྟོན་བྱེད་པ་ནས་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་གྱུར་པ་རེད།

  “一来这是自己的荣誉,其次自己的肩上又多了一份重任,如果不做好表演就会觉得很丢脸,所以内心多了一份压力,肩上就多了一份责任。”
                                                             ——洛桑群培

 

  “在这20年里演了有四、五十部剧了。最满意的作品应该就是《贡嘎日噢》,我觉得那个是最好的。”

                                                             ——洛桑群培

  གློག་བརྙན་གངས་དཀར་རི་བོ་ལས་ཇ་རྟའི་ཚོང་གཉེར་པ་ཨ་མྱེས་ཐུབ་བསྟན་དང་ཁོང་གི་ཚ་བོ་གཉིས་ཀྱིས་རྒྱ་རིགས་ཕོ་གསར་ཝང་ཧན་ལིན་ལ་རོགས་བྱས་ཏེ་གངས་དཀར་རི་བོར་གནས་མཇལ་ལ་ཕྱིན་ནས་ཁྱིམ་མི་ཡོངས་ཀྱི་ལོ་ངོ་མང་པོའི་རེ་འདུན་འགྲུབ་པར་བྱས་པའི་གརམ་རྒྱུད་ཅིག་བསྟན་ཡོད་ལ། བློ་བཟང་ཆོས་འཕེལ་གྱིས་དེ་ཡི་ནང་ནས་མི་སྣ་གཙོ་བོ་ཐུབ་བསྟན་ཞེས་པ་འཁྲབ་སྟོན་བྱས་་པ་རེད།

  “土登这个人物,说了这么一句话我自己非常认同。人的一生中如果把一件事做正确了,所有人好好地做一件事,那就好了。我自己也觉得是这样的。”
​​​​​​​                                                             ——洛桑群培

  གངས་དཀར་རི་བོ་ཞེས་པའི་གློག་བརྙན་འདི་ལ་ཉིས་སྟོང་བཅུ་དྲུག་ལོའི་སྐབས་བཅུ་གསུམ་པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་ཐོག་ལ།ཕུལ་བྱུང་གཏམ་རྒྱུད་གློག་བརྙན་ཞེས་པའི་བྱ་དགའ་ཐོབ་པ་དང་།བློ་བཟང་ཆོས་འཕེལ་གྱིས་རང་གི་ཁྱད་དུ་འཕགས་པའི་འཁྲབ་སྟོན་ལ་བརྟེན་ནས་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲས་ཀྱི་བྱ་དགའ་བླངས་པ་རེད།

  “凌晨两三点我就会醒过来,到五点都睡不着,然后就会去看一些有关电影的书籍,背一些该背的台词,我自己就像画画一样,在脑子里演一遍,已经养成了这种习惯。”
​​​​​​​                                                             ——洛桑群培

  ལོ་ངོ་བཞི་བཅུ་ཙམ་ལ་སྒྱུ་རྩལ་ལས་དོན་གཉེར་བའི་གོ་རིམ་ནང་ལ། བློ་བཟང་ཆོས་འཕེལ་གྱིས་གར་སྟེགས་ཟློས་གར་དང་། བརྙན་འཕཐིན་ཟློས་གར། གློག་བརྙན་སོགའ་འཁྲབ་སྟོན་བྱས་ཤིང། གར་སྟེགས་ཐོག་དང་བརྙན་ཡོལ་ངོས་སོགས་ནས་འཁྲབ་སྟོན་ཅི་རིགས་བྱས་པ་ལས། བློ་བཟང་ཆོས་འཕེལ་ལ་འཇོན་ཐང་ཕུན་སུམ་ཚོགས་པ་་ཞིག་ལྡན་པ་ཤེས་ཐུབ་ལ། དེ་མ་ཟད་ཁོ་རང་བྱ་བ་གང་རུང་ལ་ལྟ་ཞིབ་དང་། རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་བསྡོམས་ལ་མཁས་པས། གོ་རིམ་འདི་ཡི་ཁྲོད་ནས་རང་ཉིད་ལ་ཐོད་བརྒལ་བྱས་ཡོད་ལ། གལ་ཏེ་བློ་བཟང་ཆོས་འཕེལ་གྱི་གློག་བརྙན་འཁྲབ་སྟོན་བྱེད་པའི་ལམ་བུར་ཕྱོགས་བསྡོམས་ཤིག་བྱེད་དགོས་ན། དངོས་གནས་རྒས་ཁའི་བར་དུ་འཁྲབ་སྟོན་བྱེད། མི་ཚེ་གཅིག་ལ་སློབ་སྦྱོང་བྱེད་ཅེས་པ་དེ་ཡིན་ས་རེད།

བརྙན་ཆ་ཚང་ལྟ་འདོད་ན་འོག་གི་སྦྲེལ་ཐག་ལས་ལྟ་ཐུབ།
https://v.qq.com/x/page/p0677swh88q.html

དཔྱད་མཆན་ཡོད།