རང་ཉིད་ཀྱི་ཉི་མ་བཟོ། བསོད་ནམས་ཉི་མ།

        SUO LANG NI MA

          ——《最喜欢的表演》

  “最喜欢的首先是《冈仁波齐》,第二个是万玛才旦导演的《五彩神箭》,为什么喜欢这个呢,从小我家里也挂着一个箭,但是从来没有射过,所以有这么一个表演的机会,真的很高兴。我觉得任何一个藏族男孩肯定都喜欢。有一种不一样的感觉。

  提前十几天就先去学射箭了,我们拍摄的地方是安多尖扎地区,那个地方每天下午年轻人都会玩箭,古代的箭和现在的箭差别又很大。国外电影里箭是这样拉的,我们藏族是这样拉的,这样拉射得才远,用牦牛的角做的,我和仁青顿珠老师当时拿的就是牦牛角做的箭。”

ནར་སོན་གྱི་ལམ།

ཧི་མ་ལ་ཡའི་རྒྱལ་སྲས་ཞེས་པའི་གློག་བརྙན་ནང་དུ་ཟུར་འཁྲབ་པ་ཞིག་བྱས་པ་ནས་བཟུང་།མི་མང་པོ་ཞིག་གིས་ལུས་དང་ལང་ཚོ་དར་ཞིང་།གླུ་ལེན་གར་རྩེན་ལ་མཁས་པའི་ཁམས་པའི་ཕོ་རྒོད་འདི་ལ་རེ་བ་བཅངས་ཡོད་ལ།ཤོམ་འགྲོའི་བྱ་བར་ཞུགས་པའི་བསོད་ནམས་ཉི་མས་ཀྱང་འཁྲབ་སྟོན་སྒྱུ་རྩལ་གྱི་ཁྱབ་ཁོངས་ནང་ནས་རང་ཉིད་ལ་འཚམ་པའི་འགྲོ་ལམ་ཞིག་གཏོད་ཐུབ་པའི་ཡིད་ཆེས་བརྟན་པོ་བཅངས་ཡོད།

  ལས་ཀ་འདི་ལ་ཞུགས་ནས་བགྲང་བྱ་ལྔ་ཕྱིན་པའི་རིང་ལ།གློག་བརྙན་བརྩམས་ཆོས་སྐོར་ཞིག་འཁྲབ་སྟོན་བྱས་ཡོད་མོད།འོན་ཀྱང་བསོད་ནམས་ཉི་མར་མཚོན་ན་རང་ཉིད་ཀྱི་གྲུབ་འབྲས་ལ་དེ་འདྲ་ཡིད་ཚིམ་མེད།ཉིས་སྟོང་བཅུ་གཅིག་ལོར།བསོད་ནམས་ཉི་མ་ཧྲང་ཧེ་ཟློས་གར་སློབ་གླིང་དུ་ཞུགས་ཤིང་།དེ་ནས་བཟུང་ཆེད་ལས་འཁྲབ་སྟོན་པ་ཞིག་གི་འགྲོ་ལམ་ཐོག་ཏུ་གོམ་པ་དངོས་སུ་སྤོས་པ་རེད།

  ཧྲང་ཧེ་ཟློས་གར་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས།བསོད་ནམས་ཉི་མས་སྔ་རྗེས་སུ་གངས་རིན་པོ་ཆེ་དང་།གངས་དཀར་རི་བོ།རྒྱུད་སྐུད་སྟེང་གི་རྣམ་ཤེས།བོད་པའི་རྣམ་ཤེས་སོགས་གློག་བརྙན་སྐོར་ཞིག་གཙོ་འཁྲབ་བྱས་པ་མ་ཟད།བསོད་ནམས་ཉི་མའི་འཁྲབ་སྟོན་གྱི་འཇོན་ཐང་ཇེ་བཟང་ཇེ་ལེགས་སུ་ཕྱིན་པ་རེད།

  གློག་བརྙན་འཁྲབ་སྟོན་བྱེད་པའི་གོ་རིམ་ཁྲོད་ནས།བསོད་ནམས་ཉི་མས་སྙིང་སྟོབས་བརྟན་པོ་དང་བསྟན་བཤིག་ཚ་བོ།བསླུ་མེད་གཞུང་དྲང་སོགས་ཀྱི་སྣང་བརྙན་རེ་རེ་འཁྲབ་སྟོན་བྱས་པ་མ་ཟད།ཁོང་གིས་གློག་བརྙན་འཁྲབ་སྟོན་ལ་བརྟེན་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཚུར་མངོན་བྱས་པ་རེད།དངོས་ཡོད་འཚོ་བའི་ཁྲོད་དུ།གློག་བརྙན་འཁྲབ་སྟོན་གྱི་ངོས་ཐད་ནས་ཚང་མར་བག་ཆགས་ཟབ་མོ་བཞག་པའི་ཁམས་པའི་ཕོ་རྒོད་འདི་ནི་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་པའི་ན་གཞོན་བཟང་པོ་ཞིག་ཀྱང་རེད།

  སྤོ་བོའི་ཤུགས་རྐྱེན་འོགཁོམ་ལོང་བྱུང་དུས་བསོད་ནམས་ཉི་མ་ལོ་རེར་བཞིན་གཞིས་སྡོད་བྱས་སའི་ཧྲང་ཧེ་གྲོང་ཁྱེར་ནས་བོད་ཁུལ་དུ་ལོག་པ་དང་།དེ་སྔོན་སྤོ་བོ་དང་མཉམ་དུ་འཚོ་བ་རོལ་སའི་ཕ་ས་ཕ་ཡུལ་དུ་ལོག་པ་རེད།ལོ་རེར་བཞིན་སྡོང་པོ་འཛུགས་པ་ལས་གཞན་བསོད་ནམས་ཉི་མས་ད་དུང་རང་ཁྱིམ་གྱི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཁང་རྙིང་དེ་ནི་ཨ་མྱེའི་དཔེ་མཛོད་ཁང་ཞེས་པར་བསྒྱུར་ཡོད་པ་རེད།

                                            索郎尼马——《我的影像梦》

      这几年很多关于藏区、藏族的电影有很多,这方面你有什么样的看法?

  “最近万玛才旦老师的新电影《撞死了一只羊》正在上映,票房突破一千万,国内外都在上映,通过电影让更多的人了解了我们藏族的文化,这对我们的传统文化的发展会很有帮助。”

  未来你还想尝试什么样的角色?

  “想试试一些残疾人的角色,比如盲人,残疾人,想了解他们的内心世界,他们有什么样的痛苦,我们如何才能帮上他们,如果有这方面的好剧本我想试试。”

  对未来有什么样的期许?

  “我们出门在外行为举止和品行很重要,在外面你不单是索郎了,你代表的是藏族演员,是一个藏族人,所以你的行为举止,做事态度都体现的是一个民族,所以一定要注意。其次就是希望能够成为一名优秀的演员。”

བརྙན་ཆ་ཚང་ལྟ་འདོད་ན་འོག་གི་སྦྲེལ་ཐག་ལས་ལྟ་ཐུབ།
https://v.qq.com/x/page/s0920r4fdn1.html

དཔྱད་མཆན་ཡོད།