SUO LANG WANG MU
" 演完之后有很多观众说电影里面你的一些动作,
还有眼神、说话的方式很有特点,
问我这些是不是前期去刻意地做了准备?
比如说当司机进来的时候,问到谁是这里的老板,
我就有一个把手搭在热水瓶上的动作。
其实这些都不是练习好的,
我们当时是排练了电影的台词,
但是这些行为举止都是真正进入到这个角色之后,
不是我索朗旺姆本人,而是这位老板娘,
自然而然流露出来的举动。"
《撞死了一只羊》剧照
ང་རང་གི་ཕ་རྒན་ནི་གླུ་དབྱངས་དགེ་རྒན་ཞིག་ཡིན།
བསོད་ནམས་དབང་མོ་ནི་སྒྱུ་རྩལ་གྱི་མཁའ་དབུགས་སྟུག་པའི་ ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་ཞིང་། ལྷན་སྐྱེས་ཀྱི་འཁྲབ་སྟོན་ནུས་པ་འཛོམས་ཡོད་པས། ཆུང་དུས་ནས་བཟུང་ཞབས་བྲོ་ལ་དགའ་བ་དང་། གར་སྟེགས་ལ་དགའ་བའི་བུ་མོ་ཞིག་རེད།དེ་དང་དུས་མཚུངས་སུ། ལོ་རབས་དགུ་བཅུ་པའི་ནང་ལ།སྣ་མང་ཕུན་སུམ་ཚོགས་པའི་ བརྙན་འཕྲིན་ཟློས་གར་བོད་སྐད་དུ་བསྒྱུར་བསྐྲུན་བྱས་ནས་བཏང་ཡོང་བས། སྒྱུ་རྩལ་འཁྲབ་སྟོན་གྱི་ཕུགས་འདུན་ཟབ་མོ་ཞིག་བསོད་ནམས་དབང་ མོའི་སེམས་ཀྱི་ཞིང་ས་རུ་བཏབ་པ་རེད། ༢༠༠༧ལོར། བསོད་ནམས་དབང་མོ་ནི་ཧྲང་ཧའེ་ཟློས་གར་སློབ་ཆེན་ནས་མཐར་ཕྱིན་ཏེ་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ནང་ལ་ཞུགས་ཤིང་། གཏམ་བརྗོད་སྐོར་གྱི་ཟློས་གར་མང་པོ་ཞིག་འཁྲབ་སྟོན་བྱས། ཐེངས་ཤིག་ལས་ཁུངས་ནང་གི་ལས་གྲོགས་ཀྱིས་མཐུན་རྐྱེན་བསྐྲུན་པར་བརྟེན་ནས། བསོད་ནམས་དབང་མོ་གློག་བརྙན་གྱི་ལམ་ཁར་དངོས་སུ་ཞུགས་པ་རེད།
ཐེངས་དང་པོར་འཁྲབ་སྟོན་བྱས་རྗེས། བསོད་ནམས་དབང་མོས་གཏམ་བརྗོད་ཟློས་གར་དང་བརྙན་འཕྲིན་ཟློས་གར། གློག་བརྙན་སོགས་ཁྱབ་ཁོངས་མང་པོའི་ནང་ནས་འཁྲབ་སྟོན་བྱས་ལ། འཁྲབ་སྟོན་བྱས་པའི་ལོ་ཟླ་རིང་མོའི་ཁྲོད་དུ། མོས་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་དམ་བཅའ་ལ་བརྟེན་ནས། བརྩམས་ཆོས་རེ་རེའི་ནང་གི་མི་སྣའི་སྣང་བརྙན་རེ་རེ་འཁྲབ་སྟོན་ཡག་མོ་བྱས་ཏེ། རང་ཉིད་ཀྱི་འཁྲབ་རྩལ་སྦྱོང་བརྡར་དང་མཐོར་འདེགས་བཏང་བས། འཁྲབ་སྟོན་ནུས་པ་རིམ་བཞིན་འཕེལ་རྒྱས་གང་ལེགས་བྱུང་ཡོད།
ཉིས་སྟོང་བཅོ་བརྒྱད་ལོར། པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ལག་དམར་ལ་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལས་ས་སྒང་གི་མུ་མཐའ་ཞེས་པའི་སྡེ་ཚན་ཁྲོད་ནས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་པ་རེད། ཉིས་སྟོང་བཅུ་དགུ་ལོར། གློག་བརྙན་དེ་རྒྱལ་ཡོངས་སུ་བཏང་བ་ན། བསྡོམས་པོས་པ་སེ་བཙོངས་པའི་རིན་གོང་སྒོར་བྱེ་བ་གཅིག་ལས་བརྒལ་ཐུབ་པ་བྱུང་། བསོད་ནམས་དབང་མོས་གློག་བརྙན་དེའི་ཁྲོད་ནས་གྲང་ངར་ཆེ་ཞིང་ཐང་རྒོད་དུ་ལུས་པའི་ས་ཆ་ཞིག་ནས་ཁམས་པའི་ཇ་ཁང་ཞེས་པའི་སྦྱིན་བདག་མ་འཁྲབ་སྟོན་བྱས་ལ། མོས་འཁྲབ་སྟོན་བྱས་པའི་བོད་རིགས་བུ་མོ་འདི་ཡི་ཁྱད་ཆོས་ཀྱིས་གཟིགས་མོ་བ་ཚང་མར་བག་ཆགས་ཟབ་མོ་བཞག་པ་རེད།
སྐྱེ་རྒ་ན་འཆི་གླེང་བ་དང་། དགྲ་ཤ་ལེན་པ། འགྱོད་བཤགས་བྱེད་པ་སོགས་བརྗོད་བྱ་གཙོ་བོར་གྱུར་པའི་གློག་བརྙན་འདི་ཡི་ནང་དུ། བསོད་ནམས་དབང་མོས་འཁྲབ་སྟོན་བྱས་པའི་སྦྱིན་བདག་མ་དེས་གློག་བརྙན་ལ་མཁའ་དབུགས་གསར་པ་ཞིག་བསྐྲུན་ཡོད་པ་དང་། དྲྭ་ཐོག་ནས་མོའི་འཛུམ་མདངས་རེ་རེ་དང་། ལུས་ཀྱི་ཆ་བྱད་རེ་རེ་ལ་ཚང་མས་ཅི་དགར་བགྲོ་གླེང་བྱས་ཤིང་། དེ་བཞིན་དུ་བསོད་ནམས་དབང་མོའི་སྒྱུ་རྩལ་འཁྲབ་སྟོན་གྱི་འཇོན་ཐང་ལ་ཚང་མས་གདེང་འཇོག་གང་ལེགས་ཐོབ་པ་རེད། བསོད་ནམས་དབང་མོར་མཚོན་ནས་བཤད་ན། ཐེངས་འདིའི་མི་སྣ་འཁྲབ་སྟོན་བྱས་པ་བརྒྱུད་ནས་སྒྱུ་རྩལ་འཁྲབ་སྟོན་ལ་བསམ་གཞིགས་མང་པོ་ཞིག་བྱུང་བ་དང་། ཆེད་ལས་འཁྲབ་སྟོན་གྱི་ལམ་ཁ་སྔར་ལས་རྒྱ་ཆེ་ཞིང་ཁོད་ཡངས་པའི་མཐུན་རྐྱེན་བསྐྲུན་པ་རེད།
电影《气球》拍摄
“我的希望是未来能继续遇到好的导演和剧本,
希望能演一些优秀的作品。
然后近几年因为演了比较多的电影、电视剧,
所以演话剧的时间是很少的。
心里想我也要好好的演一部话剧,
有这样的一个想法和信心。”
དཔྱད་མཆན་ཡོད།