གར་ཆུང་འཁྲབ་སྟོན་པ་གྲགས་ཅན་བཀྲ་ཤིས་དོན་གྲུབ།

  བཀྲ་ཤིས་དོན་གྲུབ་ནི་བོད་ལྗོངས་ཀྱི་སྐད་གྲགས་ཆེ་བའི་འཁྲབ་སྟོན་པ་ཞིག་ཡིན་ལ། སྒྱུ་རྩལ་ལས་དོན་གཉེར་བ་ནས་བཟུང་། ཁོང་གིས་ལྟད་མོ་བ་རྣམས་ལ་བརྗེད་ཐབས་བྲལ་བའི་མི་སྣ་མང་པོ་ཞིག་གསར་བཞེངས་བྱས་ཤིང་། ལོ་རེའི་བོད་ལུགས་ལོ་གསར་གྱི་དགོང་ཚོགས་ནང་ནས། ཁོང་གིས་འཁྲབ་སྟོན་བྱས་པའི་གར་ཆུང་ནི་བོད་ལྗོངས་ཀྱི་ལྟ་མོམབ་དག་གིས་ཆེས་རེ་སྒུག་བྱེད་པའི་ལོ་གསར་གྱི་དགའ་སྐྱིད་ལེ་ཚན་ཞིག་ལ་གྱུར་ཡོད།

  “在舞台上表演的时候很过瘾,不管是哭还是什么,当自己在演绎这个人物的时候,比如说我演一位老爷爷,那我就是那位爷爷而不是扎西顿珠。有些自己不能理解的,都要在生活中找寻经验。”
                                                                                                                                              ——扎西顿珠

  “1992年演了《酒鬼拉巴》,演之前我就去了很多酒吧。我买两块钱的青稞酒,对方也买两块钱的青稞酒,然后会互相敬酒。我就会观察,去想这个人刚进来的时候是这个样子,喝酒的时候是这个样子,然后他说了这些话,当他上完厕所再进来的时候,这个人又做了哪些动作,回来后我就会做笔记。这样我去了很多次,把这些人的不同特点都集中到了酒鬼拉巴的身上。”

                                                                                                                                              ——扎西顿珠

  བཀྲ་ཤིས་དོན་གྲུབ་ནི་ཞིང་གྲོང་ནས་སྐྱེས་ལ་ཆུང་དུས་ནས་ཨ་མ་ཚེ་ལས་འདས་ཤིང་ཨ་ཕའང་ནད་ཀྱིས་མནར་བས། ལོ་ན་ཆུང་བའི་བཀྲ་ཤིས་དོན་འགྲུབ་ཀྱིས་ཆུང་དུས་ནས་ཁྱིམ་ཚང་སྐྱོང་བའི་ལས་འགན་ལྕི་མོ་ཕྲག་ལ་བླངས། སྐབས་དེར་བོད་རད་སྐྱོང་ལྗོངས་ཀྱི་ཟློས་གར་ཚོགས་པ་གཞི་རིམ་དུ་ཡོང་ནས་ན་གཞོན་འཁྲབ་སྟོན་པ་བསྡུ་བཞིན་ཡོད་པས། ལོ་ན་གཞོན་པའི་བཀྲ་ཤིས་དོན་གྲུབ་ལ་རང་ཉིད་ཀྱི་ལས་དབང་བསྒྱུར་བཀོད་གཏོང་བའི་གོ་སྐབས་ཤིག་ཐོབ་པ་རེད།

  འཚོ་བར་དཀའ་ངལ་ཆེ་བའི་བཀྲ་ཤིས་དོན་འགྲུབ་ཀྱིས་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དང་ལས་ཀའི་སྟེགས་བུ་འདི་ལ་གཅེས་སྤྲས་གང་ལེགས་བྱས་ཤིང་། ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་ཏེ། དགའ་བའི་སྤྲོ་སྣང་རེ་རེ་གར་སྟེགས་འོག་གི་ལྟ་མོ་བ་རྣམས་ལ་ཕུལ་བ་རེད། ཁོང་གིས་འདི་ནི་ལས་དབང་དང་གོ་སྐབས་ལ་དྲིན་འཇལ་བྱེད་པའི་ཐབས་ཤེས་ཆེས་ཡག་པོ་དེ་རེད་བསམས་ཡོད།

  ༡༩༩༧ལོར། བཀྲ་ཤིས་དོན་འགྲུབ་ཀྱིས་པཎ་ཆེན་རྒྱ་ནག་ལ་ཕེབས་པ་ཞེས་པ་འཁྲབ་སྟོན་བྱས་པར་བརྟེན་ནས་ཀྲུང་གོའི་ཟློས་གར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ། མེ་ཧྭ་བྱ་དགའ་ཐོབ་པ་མ་ཟད། གཟེངས་རྟགས་འདི་ཐོབ་པའི་བོད་རིགས་འཁྲབ་སྟོན་པ་ཐོག་མར་གྱུར་པ་རེད།

  “之前国际上有著名的喜剧演员卓别林,是无声的,只有笑声,如果认真看,虽然是笑声也会让人哭出来,在这里面的内容都是一些悲伤的。我们在舞台上不停表演,不停搞笑,观众也是这样,就像吃泡泡糖,不停地嚼嚼嚼,他们会慢慢知道我们讲的是什么。”
                                                                                                                                              ——扎西顿珠 
   གཞི་རིམ་ན་ཡོང་བའི་བཀྲ་ཤིས་དོན་འགྲུབ་ལ་མཚོན་ན། ཁྲོམ་སྲང་གི་འཚོ་བར་རོལ་མྱོང་དང་འཁྲབ་སྟོན་བྱེད་པ་ནི་གཞན་གྱིས་འགྲན་ཟླ་འབྲལ་བ་དང་། སྒྱུ་རྩལ་ནི་འཚོ་བ་ལས་བྱུང་བ་ཡིན་རུང་། རང་ཉིད་ལ་སྦྱོང་བརྡར་དང་། རྒྱུན་ཆད་མེད་པར་བརྩོན་ལེན་བྱས་ན། ད་གཟོད་སྒྱུ་རྩལ་ནི་འཚོ་བ་ལས་མཐོ་བ་བཞིན། བཀྲ་ཤིས་དོན་འགྲུབ་ནི་འདི་ལྟར་འཚོ་བའི་གྲུ་ཟུར་རེ་རེ་ལ་ཞུགས་ནས་ལྟ་ཞིབ་གང་ལེགས་བྱེད་པ་དང་། རྒྱུན་ཆད་མེད་པར་སྒྱུ་རྩལ་ལ་ཐོད་བརྒལ་བྱེད་པའི་ཕུལ་བྱུང་འཁྲབ་སྟོན་པ་ཞིག་རེད།

  ལོ་ངོ་མང་པོའི་རིང་ལ། བཀྲ་ཤིས་དོན་འགྲུབ་ཀྱིས་གར་སྟེགས་སྟེང་ནས་དགའ་བའི་དགོད་སྒྲ་ལྷང་ལྷང་དུ་འབྱིན་པའི་འཁྲབ་སྟོན་ཅི་རིགས་བྱས་ཡོད་མོད། འོད་ཀྱང་འཚོ་བའི་ཁྲོད་ནས་ཁོང་གིས་སྐྱོ་སྡུག་གང་མང་ཞིག་མྱངས་པ་རེད། ཡིན་ན་ཡང་འདི་དག་གིས་ཁོས་ལྟད་མོ་བ་རྣམས་ལ་སྤྲོ་སྣང་སྟེར་བའི་གོམ་ཁ་གཏན་ནས་འགོག་མ་ཐུབ།

  “有时候也会想现在已经退休了,要舒舒服服的过个年,但是临近新年的时候,却不是这样的,也会牵挂、心疼观众,因为他们一直在盼着。这是自己命中注定的工作,所以也要再接再厉,把快乐和欢笑继续传递下去。”
                                                                                                                                              ——扎西顿珠

བརྙན་ཆ་ཚང་ལྟ་འདོད་ན་འོག་གི་སྦྲེལ་ཐག་ལས་ལྟ་ཐུབ།
https://v.qq.com/x/page/z0693z2m8uc.html

དཔྱད་མཆན་ཡོད།