བདུད་བྷེ་དང་དཀོན་མཆོག་སྐྱབས་སོགས་ཀྱིས་འཁྲབ་པའི་གློག་བརྙན།


[CropImg]xi.jpg

བྱུང་རིམ་མདོར་བསྟན།       

        རྒྱའི་འཁྲབ་ཁྲིད་པ་ལུའུ་ལྦེ(芦苇)ཡིས་ཁྲིད་པའི«ས་ཐག་རིང་བའི་མི་ཉག» (西夏路迢迢THE JOURNEY TO XIXIA EMPRIRE)ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ། བྱང་ཕྱོགས་ཀྱི་འབྲོག་པའི་མི་རིགས་ཀྱིས་བཙུགས་པའི་མི་ཉག་རྒྱལ་རབས་དང་ཆི་ཏན་རྒྱལ་རབས། རྒྱ་ནག་གིས་བཙུགས་པའི་སུང་རྒྱལ་རབས་བཅས་གསུམ་ནི་འགྲན་པའི་དོ་དང་འཐབ་པའི་ཟླ་རུ་གྱུར་ཡོད།

图片1.jpg

图片3.jpg

       མི་ཉག་རྒྱལ་རབས་ཀྱིས་དམག་གྲངས་ལོངས་པའི་ཆེད་དུ་ཁྲག་ཁྲལ་གྱི་སྲིད་ཇུས་ལག་བསྟར་བྱས།ཡེ་ལི་ཝི་ཞེས་པས་སྐྱ་དམག་རུ་ཆུང་གཅིག་ཁྲིད་དེ་མི་ཉག་དང་ལེ་དབར་སྟོང་ཕྲག་ཡོད་པའི་སར་ཁྱིམ་པའི་ཕྲུ་གུ་བྲན་དུ་འཛིན་པར་སོང་ལ། གྲངས་ཀ་ལོངས་པའི་ཆེད་དུ་ཡེ་ལི་ཝི་ཡིས་ཀུའུ་ཅེ་ཞེས་པའི་བུད་མེད་སྦྲུམ་མ་གཅིག་བཙན་ཤེད་ཀྱིས་རྗེས་འབྲངས་སུ་བཅུག ལམ་བར་དུ་བུད་མེད་དེར་ཕྲུ་གུ་བཙས་པས་གདུང་བ་དྲག་པོའི་སྡུག་བསྔལ་གྱིས་མནར་བས་སྐྱ་དམག་གི་རྗེས་དེད་ནས་མི་རྒྱུགས་ཀ་མེད་བྱུང་། འཇིགས་སྐྲག་དང་སྲོག་ཉེན་ལ་ཐུག་སྟེ་ཕྱིར་འགྲོ་བའི་ལམ་བར་དུ་མི་ཉག་གི་དམག་མི་རྒོད་པོ་དང་བུད་མེད་དེ་ཚོའི་བར་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་ཞིང་། ཆི་ཏན་གྱི་དམག་དང་འཐབ་འཛིང་བྱས་པའི་བརྒྱུད་རིམ་ཁྲོད་དུ་མི་ཉག་དམག་མི་འགས་ཀྱང་ཕྲུ་གུ་སྲུང་བའི་ཕྱིར་རང་སྲོག་བློས་བཏང་བ་རེད། གློག་བརྙན་འདིར་གནའ་བོའི་རྒྱ་མི་དང་བྱང་ཕྱོགས་མི་རིགས་བར་གྱི་འགལ་བའི་གནས་སྟངས་དང་མཉམ་བསྲེས་འབྱུང་གིན་པའི་སྣང་ཚུལ་སོགས་མཚོན་པར་བྱས་ཡོད།       གཞན་གློག་བརྙན་འདིར་སེའུ་ཙེར་གྱི་སྐབས་བཅོ་ལྔ་བའི་ལཱོ་ཀྱ་ཎོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དར་མའི་དཔྱད་འདེམས་པའི་ཁྱད་འཕགས་བྱ་དགའ་དང་། ༡༩༩༧ལོར་སྐབས༡༧པའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱ་རྟགས་མའི་འཁྲབ་ཁྲིད་པའི་ཐོག་མའི་བརྩམས་ཆོས་ཀྱི་བྱ་དགའ་སོགས་ཐོབ་མྱོང་།  

图片2.jpg

འཁྲབ་སྟོན་པ་གཙོ་གྲས་སུ་གྱུར་བའི་གཡག་རྭ་དཀོན་མཆོག་སྐྱབས་ཀྱིས་བརྗོད་རྒྱུར།


      «ས་ཐག་རིང་བའི་མི་ཉག»ཅེས་པའི་གློག་བརྙན་དེར་འཁྲབ་སྟོན་པ་བསལ་དུས་ནི་ཀན་ལྷོ་ཁུལ་གྱི་ཁུལ་སྟོན་སྐབས་ཡིན་ལ། བརྙན་ལེན་མཁན་ཞི་ཨན་གྱི་གློག་བརྙན་སྒྲིག་སྦྱོར་ཁང་རེད། འཁྲབ་ཁྲིད་པ་ལུའུ་ལྦེ་ཞེས་པ་དེ་རེད། རྨ་ཆུ་ནས་བདུད་བྷེ་དང་ཁོ་རང་ཉིད། ད་རུང་ཞི་བྷིག་དངུལ་རྭའི་སྐལ་བཟང་དོན་འགྲུབ། ཉིན་མའི་ལྷ་ཁོ་སྐྱབས།(ཚེ་འདས)སོགས་ཡོད། དེ་མིན་འཁྲབ་སྟོན་པ་མིང་གྲགས་ཅན་པེ་ཅིན་གྱི་ཉིས་ཏ་ཧོང(倪大宏)བང་ཉེན(王宁) སོག་པོའི་བུད་མེད་པ་རྡུ་མཱ(巴德玛)སོགས་ཀྱང་ཡོད། བརྙན་ལེན་ས་རྨ་ཆུ། ཅོ་ནེ། བླ་བྲང་གི་བསང་ཁོག ཀན་སུའུ་ལིའང་ཀྲིག་ས་ཁུལ་དང་ཀྲང་ཡེ་སོགས་ནས་བླངས་པ་དང་། ཟླ༧རིང་ལ་བརྙན་བླངས་ཚར་བར་བྱས་ཟེར།
     ང་དེ་དུས་ལོ་བཅུ་དྲུག་རེད། སྤྱིར་ང་ལ་མཚོན་ན་གློག་བརྙན་དེའི་ནང་འཁྲབ་ཚིག་དང་འཁྲབ་ཚན་མང་བོ་ཡོད་མོད། དེ་དུས་རྒྱ་ཡིག་རྒྱ་སྐད་ལ་བྱང་ཆ་དང་དག་ཆ་ཞན་པའི་དབང་གིས་འཁྲབ་ཚིག་དང་འཁྲབ་ཚན་མང་བོ་ཞིག་འཁྲབ་ཁྲིད་པས་མེད་པར་བྱས། གློག་བརྙན་དེ་འཁྲབ་ཚར་རྗེས་འཁྲབ་ཁྲིད་པས་ང་ལ་གཟེངས་བསྟོད་བྱས་པ་མ་ཟད་ལོ་ན་ཐོག་ལ་གོ་སྐབས་ཡོད་ན་གློག་བརྙན་སློབ་གྲྭ་རེ་འགྲིམ་ནས་རིག་གནས་ཆུ་ཚད་མཐོར་འདེགས་བཏང་ན་བཟང་ཞེས་མང་དུ་བཤད། ཡིན་ནའང་ས་གནས་ཀྱི་སློབ་གསོའི་ཁོར་ཡུག་དང་ང་རང་ཉིད་ཀྱི་འཚོ་བའི་ཆུ་ཚད་སོགས་ཀྱི་ཐད་ན་བཀའ་ཁག་ཡོད་པས། གློག་བརྙན་ལ་དུངས་པའི་གཞོན་ནུ་ཞིག་གི་རྨི་ལམ་རླུང་ལ་མི་བསྐུར་ཐབས་མེད་བྱུང་ཟེར།

       གློག་བརྙན་དེ་འཁྲབ་སྐབས་བརྗེད་མི་ཐུབ་པའི་འདས་དོན་ཞིག་ཡོད་པ་ནི་གློག་བརྙན་དེའི་ནང་རྨིག་ཆུང་དྲེལ་གྱིས་སྒུག་པའི་འཁྲབ་ཚན་ཞིག་ཡོད། ང་དྲེལ་གྱིས་སྒུག་ནས་དྲེད་མོ་ལུང་དུ་ལྷུང་མ་ཐག་བཞི་འཕྲ་ཞིག་བརྒྱབ་སྟེ་ས་ལ་ལྷུང་། སྐབས་དེར་ངའི་རྣམ་རིག་མི་གསལ་ཞིང་ཁ་གྲགས་རྒྱུ་མེད་ལ་ཞེན་ཁ་ལོག འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་མང་བོས་ང་ལ་སྨན་ཁང་དུ་འགྲོ་ཞེས་ཡང་ཡང་སྐུལ་མོད་ངས་ང་ལ་སྐྱོན་མི་འདུག་ཅེས་མི་མང་འཚོགས་ས་ནས་སྟག་ཤར་ཞིག་གི་བསྲན་ཚུགས་ཀྱིས་མི་སེམས་སྤོབས་པས་ཁེངས་སུ་བཅུག དེ་ནི་ངས་གློག་བརྙན་སྒྱུ་རྩལ་ལ་བཟུང་བའི་རྣམ་འགྱུར་ཞིག་ཀྱང་ཡིན་ཞེས་བཤད་ཆོག་ཞེས་ཟེར།

       གློག་བརྙན་དེར་མང་ཚོགས་འཁྲབ་སྟོན་པ་བྱས་མྱོང་བའི་རྨོག་རུ་ཤེས་རབ་རྡོ་རྗེས་བཤད་རྒྱུར། «ས་ཐག་རིང་བའི་མི་ཉག»ཅེས་པའི་གློག་བརྙན་དེ་བརྙན་ལེན་སྐབས་ང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རེད། མི་ཉག་གི་དམག་སྒར་རྨ་ཆུའི་མཛོད་དགེ་ཉིན་མའི་ས་ཆ་བུ་ལག་ཆུ་མདོ་ན་འདུག གློག་བརྙན་དེའི་ནང་དུ་ང་དང་སློབ་མ་མང་བོ་མི་ཉག་གི་དམག་བྱས་ཏེ་རྨ་ཕ་རི་ནས་ཚུར་རི་ལ་བརྙན་ལེན་སྐབས་རྨ་འགྲམ་གྱི་གད་རྩ་ཐུར་ལ་ཡང་ཡང་གཤར་མྱོང་ཟེར། 

དཔྱད་མཆན་ཡོད།