གཡང་འཛོམས་བྷི་རེན་ནི 1981 ལོར་སི་ཝེ་སི་ལན་ཌྷི་ནས་སྐྱེས། ཡོ་རོབ་སོགས་ནས་སློབ་སྦྱོང་གི་ལས་འགྲུབ་རྗེས་སི་ཝེ་སི་ལན་ཌྷི་དང་འཇར་མན་གྱི་ཟློས་གར་ཁང་ག་གེ་མོ་སོགས་ནས་འཁྲབ་སྟོན་སོགས་ཀྱི་ཐད་འབད་པ་བྱས། རིམ་བཞིན་རྒྱལ་ཁབ་དེ་དག་གི་བརྙན་འཕྲིན་ལེ་ཚན་དག་བརྒྱུད་གང་སར་གྲགས་པ་རྒྱས་ཏེ་མཐར་ཨ་རིའི་ཧོ་ལེ་ཝུ་ཌྷིའི་གློག་བརྙན་པའི་སྡེར་ཕྱིན། མི་རིགས་ལ་བཅངས་པའི་ཤ་ཞེན་དང་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་བར་སྐབས་ཤིག་ལ་བཙོན་དུ་ཡང་ཚུད། སྐབས་དེར་མི་མང་གིས་མོའི་ཆེད་དུ་ངོ་རྒོལ་སྐད་འབོད་སྒོས་ཁོ་མོའི་སྙིང་སྟོབས་དང་ཆོད་སེམས་ལ་བསྔགས་བརྗོད་རྒྱ་ཆེར་བྱས།
2008 ལོར་མོའི་ཨ་མ་བསོད་ནམས་སྒྲོལ་མ་དང་མའི་མ་ཀུན་བཟང་དབང་མོ་གསུམ་གྱི་མི་ཚེའི་བྱུང་བ་དང་མྱོང་བ་སོགས་བརྗོད་པའི་དེབ་ལ་བརྒལ་ལུང་བརྒལ (Across Many Mountains: A Tibetan Family's Epic Journey from Oppression to Freedom ) ཞེས་པ་བཏོན་ཞིང་དེ་མུར་བཙོང་ཚད་འབུམ་ལྷག་བརྒལ་བས་ཡོ་རོབ་རྒྱུད་དུ་ཤིན་ཏུ་བྲིན་པོ་བྱུང་།
ཁོ་མོས་འཁྲབ་སྟོན་བྱས་པའི་གློག་བརྙན་སྐོར་ལ Æon Flux (2005) Hallo Hollywood (2009) Pandorum (2009) Cargo (2009) སོགས་ཡོད་ལ། 2013 ལོར་འཁྲབ་གཞུང་དང་འཁྲབ་ཁྲིད་རང་གིས་གཅིག་ལྕོགས་སྒོས་རྗོ་ནཱེ་སུས་བཀྲོངས་པ་རེད་(Who Killed Johnny)ཅེས་པའི་གློག་བརྙན་ཀྱང་བཟོས།
དཔྱད་མཆན་ཡོད།