བུད་མེད་འཁྲབ་སྟོན་པ་གྲགས་ཅན་ལྷག་པ་མཚམས་གཅོད།

微信图片_20180316164359.jpg

       ལྷག་པ་མཚམས་གཅོད། (Lhakpa Tsamchoe ) ༡༩༧༢ལོར་ཧིན་རྡུའི་ལྷོ་ཕྱོགས་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། མོ་རང་ནར་སོན་རྗེས་ཧིན་རྡུའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་པན་ཁ་ལོ་འུར་གྱི་སློབ་ཆེན་མིང་གྲགས་ཅན་ཞིག་ཏུ་དེང་རབས་སློབ་གསོ་མྱངས། སློབ་ཆེན་ཐོན་ནས་རྫས་འགྱུར་དང་དངོས་ཁམས་རིག་པ། སྐྱེ་དངོས་རིག་པ་སོགས་ཀྱི་བསླབ་གནས་ཐོབ། ༡༩༩༧ལོར་ཨ་རིའི་འཁྲབ་སྟོན་པ་གྲགས་ཅན་ཕེ་ཐུར་དང་མཉམ་དུ་ཧོ་ལེ་ཝོའི་བོད་འབྲེལ་གློག་བརྙན་《བོད་ནང་ལོ་བདུན》འཁྲབ་པས། ཧོ་ལེ་ཝོ་ཡི་བོད་ཀྱི་བུད་མེད་གློག་བརྙན་འཁྲབ་སྟོན་པ་ཐོག་མ་ཞེས་མཚན་སྙན་ཀུན་ལ་ཁྱབ། ༡༩༩༩ལོར་གློག་བརྙན་༼ཧི་མ་ལ་ཡ༽ཞེས་པའི་ཁྲོད་ནས་བུད་མེད་འཁྲབ་སྟོན་པ་གཙོ་བོའི་འགན་བླངས། གློག་བརྙན་དེར་ཐེངས་༧༢པའི་སྐབས་ཀྱི་ཨོ་སུ་ཁའི་ཕྱི་གླིང་གློག་བརྙན་རྩེ་གྲ་ཡི་བྱ་དགའ་ཐོབ་པར་མ་ཟད། ཐེངས་༡༣པའི་ཡོ་རོབ་གློག་བརྙན་དུས་ཆེན་སྐབས་ཆེས་ཕུལ་དུ་བྱུང་བའི་བརྙན་ལེན་གྱི་མིང་རྟགས་ཐོབ། མ་ཟད་སྐབས་༢༥པའི་ཕ་རན་སིའི་ཁེ་སཱ་རྟགས་མའི་ཕུལ་བྱུང་བརྙན་ལེན་དང་དབྱངས་སྡེབ་ཀྱི་བྱ་དགའ་ཐོབ། 

微信图片_20180316164410.jpg


ཆོག་མཆན་མེད་པར་བཤུ་མི་རུང་། བག་ཡོད་པར་གྱིས་ཤིག


དཔྱད་མཆན་ཡོད།