ཧི་མ་ལ་ཡའི་གཙོ་འཁྲབ་པ་འཕྲིན་ལས་ལྷུན་གྲུབ་ལགས་ཀྱི་ཚེའི་འཕེན་པ་རྫོགས་འདུག


      སྐྱེས་མིང་ལ་འཕྲིན་ལས་ལྷུན་གྲུབ་སྟེ། ལོ་རབས་སུམ་ཅུ་བའི་ནང་བལ་བོར་སྐྱེས། ༡༩༩༩ལོར་ཨེ་རིས་ཁད•བཱ་ལིས(Eric Valli)ཡིས་འཁྲབ་ཁྲིད་བྱས་པའི་ཧི་མ་ལ་ཡའི་ནང་འཁྲབ་སྟོན་པའི་ཆས་སུ་ཞུགས་པ་ལས། ཀུན་གྱིས་ཤེས་པར་གྱུར་ཅིང་། གློག་བརྙན་འདི་རྗེས་ཀྱི་སྐབས་བདུན་ཅུ་དོན་གཉིས་པའི་ཨོ་སི་ཁཱའི་ཕྱི་སྐད་གློག་བརྙན་རྩེ་གྲའི་འོས་མིང་དུ་ཡང་ཚུད་མྱོང་།
      ཕྱིས་སུ་བལ་བོའི་རོལ་མོའི་སྐོར་གྱི་གློག་བརྙན་ (དཔེར་ན། Sa Karnali) ནང་ཡང་ཁོང་གིས་འཁྲབ་སྟོན་བྱས་པ་སོགས་ཡོད་ལ། ཧི་མ་ལ་ཡའི་ནང་གི་སྣང་བརྙན་དེས་བོད་པ་ལྟད་མོ་བ་དག་ལ་བསུབ་ཐབས་མེད་པའི་བག་ཆགས་ཤིག་བཞག
      ཡིད་ཕངས་པ་ཞིག་ལ་2016ལོའི་ཟླ་བཞི་བའི་ཚེས་21ཉིན་ཌོལ་པ་རྫོང་༼དོལ་པོ་ཡང་རྫོང་དེར་གཏོགས༽གི་ལྟེ་གནས་དྷུ་ཎའི་ནས་སྟོད་དོལ་པོ་ལ་ལོག་ཕེབས་པའི་ལམ་བར་སྤུངས་མོ་གསུམ་མདོའི་སྦུགས་སུ་མི་རྟ་གཉིས་ཀ་གཡང་ལ་ལྷུང་ནས་ཚེ་ཡི་འཕེན་པ་རྫོགས་འདུག  འདིར་ཁོང་སྐོར་གྱི་གནས་ཚུལ་བསྡུས་པ་དང་པར་འགའ་བཅས་འདིར་བཀོད་པ་ལ་བརྟེན་ནས། ཁོང་ལ་གུས་འདུད་དང་རྗེས་དྲན། མྱ་ངན་ཞུས་པ་ཡིན་ནོ།། བདེ་བར་བཞུད་ཅིག

himalaya_l_enfance_d_un_chef_1997_portrait_w858 (1).jpg

bbc2fc796710c36549e86ccb349d4b30.jpg

46f888ea7692d.jpg

fb01b490-edad-012e-af20-0050569439b1.jpg

 

@ གློག་བརྙན་ཧི་མ་ལ་ཡར་འདི་ནས་བལྟ་ཐུབ། http://www.filmtbt.com/movie/2015-01-08/362.html

@ དོལ་པོའི་གློག་བརྙན་འཁྲབ་སྟོན་པ་མེས་ཕྲིན་ལས་ལྷུན་གྲུབ་གླེང་བ། filmtbt.com/activities/2016-05-05/509.html


གོང་གི་གནས་ཚུལ་བསྡུས་པ་དམར་པོས wiki ལས་བཏུས་ཤིང་བསྒྱུར།

དཔྱད་མཆན་ཡོད།