མྱི་ཚེ་དེ་ཟློས་གར་འཁྲབ་པ་ལྟར་ངེས་པར་དུ་ཡིད་དབང་འཕྲོག་དགོས། སྦྱིན་པ།

«རྒྱུད་སྐུད་སྟེང་གི་རྣམ་ཤེས»འཁྲབ་པར།

  སྦྱིན་པ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་སྐྱེས་ལ། ཉིས་སྟོང་བཅོ་ལྔར་པེ་ཅེན་གློག་བརྙན་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད། ཉིས་སྟོང་བཅུ་དྲུག་ལོར། སྦྱིན་པས་རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པའི་གློག་བརྙན་ནང་གི་མི་སྣ་གཙོ་བོ་ཐར་བྷ་འཁྲབ་སྟོན་བྱས་སྟེ། སྐབས་ལྔ་བཅུ་པའི་ཝེ་ཝན་གློག་བརྙན་དུས་ཆེན་གྱི་གསེར་རྟའི་བྱ་དགའ་ལས་ཕུལ་བྱུང་འཁྲབ་སྟོན་པ་གསར་པའི་མིང་འདོན་བྱ་དགའ་ཐོབ་ནས་སྙན་གྲགས་རྒྱས་པ་རེད།

  “压力还是挺大的,开机后担心自己会不会高度紧张,能否胜任这个角色等等。我自己不太善于表达喜怒哀乐,都憋在心里。对于演员来说,要善于表现任何感受,演哭戏时就要演出哭得直抒胸臆,高兴时候能够笑容自然流露,要给人特别真实的感受,我很难攻破这一关。”

  “首先是导演的指点,他会指出很多我的不足,会指导我怎样改进;其次是其他演员的帮助,像西藏的曲尼次仁,像康区的索朗尼玛,在他们的帮助下,还有我自己不断的练习,最终克服了这些困难。顺利完成了这个角色。”
                                                ——金巴

  མ་གཞི་འཁྲབ་སྟོན་ནི་ལྟད་མོ་བས་ཁས་ལེན་ཐོབ་པར་རེ་སྒུག་ཆེ་བའི་སྒྱུ་རྩལ་ཞིག་ཡིན་ཤས་ཆེ་ལ། ཁྱད་པར་དུ་རང་ཉིད་ལ་འཚོལ་རྟོག་བྱེད་བཞིན་པའི་སྦྱིན་པ་ལ་མཚོན་ན་ལྷག་དུ་དེ་འདྲ་ཞིག་རེད།

  ཐེངས་དང་པོར་མི་སྣ་གཙོ་བོའི་འཁྲབ་སྟོན་པའི་འགན་འཁུར་བའི་སྦྱིན་པ་ཡིས་རང་ཉིད་ལ་ཐའེ་ཝན་གློག་བརྙན་དུས་ཆེན་གྱི་གསེར་རྟའི་བྱ་དགའ་ཐོབ་པ་ནི་རང་ཉིད་ལས་ཡག་པ་རེད་ཟེར་ལ།ཁོ་རང་ལ་ཆ་རྒྱུས་ཡོད་མཁན་དང་རྒྱ་ཆེའི་ལྟད་མོ་བ་དག་གིས་འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་སྦྱིན་པས་འཁྲབ་སྟོན་ལ་འགན་འཁུར་དང་དཀའ་སྤྱད་འཔད་བརྩོན་བྱས་པའི་རྐྱེན་རེད་ཅེས་གདེང་འཇོག་བྱས་པ་རེད།

  “那场格斗的戏,当时我的手被伤了,指甲间出血不止,但我还是忍着,因为我是主角,如果说我要休息,哪怕耽误一天的时间,我们所有演职人员都得停止工作,有时在结冰的水里需要拍几个小时,但我都能忍下去。”
                                                ——金巴

 ཉིས་སྟོང་དགུ་ལོར། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་ཆེད་སྤྱོང་ནས་སློབ་མཐར་ཕྱིན་པའི་སྦྱིན་པ་ནི་སློབ་གྲོགས་དག་དང་འདྲ་བར་རང་གི་ཕ་ཡུལ་དུ་ལོག་ནས་ལས་ཀ་བརྟན་འཇགས་ཤིག་བཙལ་བ་རེད། འོན་ཀྱང་རྗེས་སུ་སྦྱིན་པས་ལས་ཀ་བསྐྱུར་ནས་ཕ་ཡུལ་དང་ཁ་བྲལ་བ་མ་ཟད། རྒྱང་ཐག་རིང་བའི་པེ་ཅིན་གྲོང་ཁྱེར་དུ་ཡོང་ནས། ཕལ་ཆེར་རང་ཉིད་ལ་ཆ་རྒྱུས་ཅི་ཡང་མེད་པའི་གློག་བརྙན་འཁྲབ་སྟོན་པའི་ལམ་ལ་ཞུགས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།


ན་གཞོན་དུས་ཀྱི་སྦྱིན་པ།

  “自己从小开始喜欢表演。到中学后,有次自己演过小品,主要是语言类的,当时没演好,同学都取笑我,当时觉得自己在表演方面没什么出息,完全对表演失去信心了。但没上大学之前,内心深处对表演依然念念不忘。”
                                                ——金巴

  “我身上就有这样一股劲,自己想干的事情,谁都拦不住,我是个这样的人。我觉得人生很短,多少个五年、十年,其实数都数得出来,所以自己的想法要及时付诸实践。我想到的基本上都干起来,不管是对与错,要是做错了,就当作是一次吸取经验的过程, 要是做对了,那就更不用说了。”
                                                ——金巴

  གློག་བརྙན་རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པའི་ནང་གི་ནག་ཉེས་དཀར་འདོན་བྱེད་པའི་མི་སྣ་ཐར་བྷ་ནས། གློག་བརྙན་ཐར་ལོའི་ནང་གི་རང་གཤིས་གྱོང་ཞིང་བློ་ཁ་བརྟན་པའི་ཕོ་རྒོད་ཅིག་དང་། དེ་ནས་དབང་གྲགས་ཀྱི་ཆུ་ལྷམ་ཞེས་པའི་ནང་གི་གཟབ་ནན་དང་ལྷག་བསམ་ཅན་གྱི་ཕ་རྒན་འཁྲབ་སྟོན་བྱས་པའི་བར་དུ་སྦྱིན་པས་གོམ་པ་རེ་རེ་བཞིན་ཐོད་བརྒལ་བྱས་ལ། ལྟད་མོ་བས་ཁས་ལེན་ཐོབ་པ་ནི་སྦྱིན་པས་ལོ་མང་པོར་འཔད་བརྩོན་བྱས་པའི་གྲུབ་འབྲས་ཡག་ཤོས་དེ་ཡིན་ལ། རིམ་བཞིན་སྐད་གྲགས་བཞིན་པའི་མ་འོངས་པའི་སྐར་ཆེན་འདི་ལ་ཚང་མས་རེ་སྒུག་ཀྱང་བྱེད་བཞིན་ཡོད་པ་རེད།

  “其实通过这五部影片,看到自己的成长,心里特高兴,尤其是发现自己的问题,然后慢慢去改进,最后导演认可你的演技,这是对演员最大的鼓舞,也是最高兴的事情。”
​​​​​​​                                                ——金巴

​​​​​​​《塔洛》首映发布会现场

《旺扎的雨靴》开机仪式

  “在主攻演员的同时,学习和坚持一些其他的爱好。像弹奏乐器,还有写诗,之前也出版过个人诗集,这次又新写了一本,即将要发行。希望从各个方面充实自己,不断学习。”
​​​​​​​                                                ——金巴

བརྙན་ཆ་ཚང་ལྟ་འདོད་ན་འོག་གི་སྦྲེལ་ཐག་ལས་ལྟ་ཐུབ།
https://v.qq.com/x/page/i07325pht6u.html

དཔྱད་མཆན་ཡོད།