འོད་སྣང་གིས་ཕྱུག་པའི་ཕུགས་འདུན་འཚོལ་སྙེག་བྱེད་པ།


མ་གོས་ལྷན་སྐྱེས་ཀྱི་སྒྱུ་རྩལ་གྱི་དྭངས་མས་ཕྱུག་པའི་བོད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར། དངོས་བྲིས་གློག་བརྙན། བྲོ་གར་སོགས་ཀྱིས་གཟིགས་མོ་བ་མང་པོའི་ཡིད་ཀྱི་དང་ག་ཅིག་གྱུར་དྲངས་མྱངས་ལ།འདི་ནི་མཐོ་བརྒལ་ཞིག་དང་འུད་བསྟོད་ཅིག་ཡིན་ནམ།ཡང་ན་ཞིབ་འབྲི་བྱེད་སྟངས་ཤིག་གམ་ཨ་གསར་ཐེངས་ཤིག་རེད་ཨང་།ཁྱེད་ཀྱིས་ངོ་མཚར་པའི་ལྟད་མོ་འདི་དག་གི་རྒྱབ་ཀྱི་གཏམ་རྒྱུད་ཤེས་འདོད་ན་བརྙན་རིས་བརྒྱུད་ནས་རྒྱུས་ལོན་བྱ་བར་འཚལ།


  “最喜欢的是前年演的电影
     《我的喜马拉雅》中的一段戏。因为在这部戏里,心里感到遗憾地方都是值得思考的,所以我比较喜欢这部戏。”

  “那段戏虽然当时我很努力拍了,但还是让我留下了遗憾。当时第一次拍的时候,我从很远的地方穿过一个小村寨。画面里只看的到我的背影,但是我没能控制住自己的悲伤,流着眼泪,唱着母亲教的那首歌走出去了。后来开始拍眼神的时候,我觉得流露出来的内心的情感就远远不够了。”

我的成长之路

  གར་སྟེགས་ཐོག་ནས་ཐེངས་དང་པོར་འཁྲབ་སྟོན་བྱས་རྗེས།དབང་སྒྲོན་མཚོ་ཡིས་རང་ཉིད་ཞབས་བྲོ་འཁྲབ་མཁན་ཞིག་ལ་འགྱུར་བའི་ཕུགས་འདུན་ཡིད་ལ་བཅངས་ཤིང་།རོལ་དབྱངས་ཀྱི་འགྱུར་ཁུགས་རེ་རེ་དང་བསྡོངས་ནས་མོའི་གར་གྱི་སྟངས་སྟབས་རེ་རེ་ཕྱི་ལ་མངོན་པ་རེད།ལོ་བཅུ་གཉིས་ལ་སླེབས་དུས།དབང་སྒྲོན་མཚོ་ཕ་ཡུལ་དང་ཁ་བྲལ་ཏེ།རང་ཉིད་གཅིག་པུ་པེ་ཅིན་དུ་སོང་ནས་ཞབས་བྲོ་ཆེད་སྦྱོང་སློབ་གྲྭ་རུ་ཞབས་བྲོའི་སྐོར་ལ་སློབ་སྦྱོང་བྱས་པ་རེད།

པེ་ཅིན་དུ་སློབ་སྦྱོང་བྱས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ།དབང་སྒྲོན་མཚོ་ཡིས་ཞབས་བྲོའི་ཐད་ནས་རྨང་གཞི་བརྟན་པོ་བཞག་པ་མ་ཟད།གཞན་ཡུལ་དུ་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་པའི་རིང་ལ་ཞུམ་པ་མེད་པའི་སྙིང་སྟོབས་བརྟན་པོ་ཞིག་གསོ་སྐྱོང་བྱས་པས།མོས་རང་ཉིད་ཀྱི་འཚོ་བ་དང་མ་འོངས་འཚོལ་སྙེག་བྱེད་པའི་ལམ་ཁ་འདིའི་རྨང་རྡོ་ལྟ་བུར་ཆགས་པ་རེད།

ཉིས་སྟོང་བཅུ་གཅིག་ལོར།དབང་སྒྲོན་མཚོ་ཡིས་རང་གི་མི་ཚེའི་ཁྲོད་ཀྱི་གློག་བརྙན་ཐོག་མ་སྟེ༼གྲོགས་པོ།གྲོགས་པོ༽ཞེས་པའི་ནང་གི་བུད་མེད་གཙོ་འཁྲབ་པ་བྱས་པ་རེད།གློག་བརྙན་འདི་ལ་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་གྱི་གསེར་གྱི་མེ་ཏོག་རྟགས་མའི་དམིགས་བསལ་བྱ་དགའ་དང་།སྐབས་ཉེར་གསུམ་པའི་གསེར་བྱ་རྟགས་མའི་མི་རིགས་གློག་བརྙན་གྱི་འགྲེམ་སྟོན་གློག་བརྙན།སྐབས་གསུམ་པའི་ཧྥ་རན་སིའི་གློག་བརྙན་དུས་ཆེན་གྱི་འགྲེམ་སྟོན་གློག་བརྙན་སོགས་ཀྱི་བྱ་དགའ་ཐོབ་པས།དུས་དེ་ནས་བཟུང་མོ་རང་གློག་བརྙན་གྱི་ལས་ལ་ཞུགས་པའི་སྒོ་འཕར་ཡངས་པོ་ཕྱེས་པ་རེད།

  ཐེངས་དང་པོ་གློག་བརྙན་འཁྲབ་སྟོན་བྱས་པ་ནས་ད་ལྟའི་བར་དུ།དབང་སྒྲོན་མཚོ་ཡིས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གང་མང་འཁྲབ་སྟོན་བྱས་ཏེ།འཁྲབ་སྟོན་གྱི་ལམ་ཁ་རྒྱ་བསྐྱེད་པ་མ་ཟད།མི་སྣའི་སྣང་བརྙན་རེ་རེ་གསོན་ཉམས་ལྡན་པའི་སྒོ་ནས་འཁྲབ་པ་རེད།གློག་བརྙན་ནང་ནས།མོས་འབྱོར་ལྡན་གྱི་ཆུང་མ་འཁྲབ་སྟོན་བྱས་ཡོད་ལ།མཐའ་མཚམས་སྲུང་བའི་ཞིང་གྲོང་གི་བུད་མེད་ཕལ་བ་ཡང་འཁྲབ་སྟོན་བྱས་མྱོང་།རང་བཞིན་དྲང་ཞིང་གཙང་པའི་བོད་རིགས་བུ་མོ་ཞིག་འཁྲབ་ཡོད་ལ།གཤིས་ཀ་འཇམ་ཞིང་བབ་ཆགས་པའི་ཞིང་གྲོང་གི་བུད་མེད་ཀྱང་འཁྲབ་མྱོང་།

  འཁྲབ་སྟོན་ལས་ད་རུང་དབང་སྒྲོན་མཚོས་གོམ་པ་རེ་རེ་བཞིན་རང་ཉིད་ལ་ཐོད་བརྒལ་བྱས་ཏེ།སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་ཁ་འདི་ནས་རང་ཉིད་ཀྱི་འཇོན་ཐང་གང་མང་རྩལ་དུ་སྤྲུགས་པ་རེད།ཉིས་སྟོང་བཅུ་དྲུག་ལོར།དབང་སྒྲོན་མཚོས་«དྲན»ཞེས་པ་དང་།དང་༼རྨི་ལམ་སྐྱིད་པོ༽ཞེས་པ་སོགས་ཀྱི་གླུ་གཞས་སྙན་མོ་བླངས་པ་མ་ཟད།གླུ་གཞས་ཀྱི་བརྙན་རིས་ཚང་མ་རང་གིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པས།སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་སྒྱུ་རྩལ་གྱི་ལམ་ཁའི་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་ཡོད།

                                             我的影像梦
     希望通过屏幕,让更多的人了解藏文化,就我个人而言,希望能演电影,一直到老去。
    对我来说,表演是表达内心的喜怒哀乐的一种艺术,每个角色都有与众不同的人生,所以表演的过程是一个体验各种人生的过程。

དཔྱད་མཆན་ཡོད།