དུས་རབས་གཅིག་གི་གཟུགས་པར་གྲགས་ཅན་བཅུ།

1. དཔའ་ངར་ལྡན་པའི་ངེས་མེད་རྒོལ་རྡུང་རུ་མི།

པར་བ། ཨོ་བྷིར་ཐྲི•ཁོར་ཌ། (Alberto Korda)  1960

1.jpg

         ཆེ•གྷི་ཝ་ར་(Che Guevara)ཡི་མཚོན་བྱེད་རང་བཞིན་ལྡན་པའི་གཟུགས་པར་འདི་ནི། 1960ལོའི་ཟླ་5པར་ཁུ་པའི་རྒྱལ་ས་ཧ་ཝ་ན་(La Havana)རུ་བླངས་ཤིང་། ཁུ་པ་སྲིད་གཞུང་གིས་ལ་ཁོ་བྷི་རེ་རྟགས་ཅན་གྱི་གྲུ་གཟིངས་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་དག་ལ་མྱ་ངན་ཞུ་བཞིན་པའི་སྒང་རེད། ཁོར་ཌ་ནི་སྐབས་དེའི་ཁ་སི་ཐྲི་རོ་(Fidel castro)ཡི་པར་བ་དང་གསར་བརྗེའི་རྒྱབ་སྐྱོར་བ་ཡང་རེད། ཁོར་ཌ་ཡིས། ངས་ཆེ•གྷི་ཝ་ར་ཡི་ངོ་གདོང་ནས་ནང་སེམས་ཀྱི་ཞི་བདེ་བོར་བའི་རྣམ་པ་ཞིག་དེ་མཐོང་མ་ཐག ཐེ་ཚོམ་ཅི་ཡང་མེད་པར་མགྱོགས་སྒོ་མནན་པ་ཡིན་ཞེས་བརྗོད། གཟུགས་པར་འདི་འགྲེམ་སྤེལ་བྱས་རྗེས། འཕྲིན་སྦྱོར་སྣ་ཚོགས་སུ་ཚ་ཚ་འུར་འུར་གྱིས་བེད་སྤྱོད་བྱས་ཀྱང་། ཁོར་ཌ་ཡིས་དེའི་ཐད་ནས་དཔལ་འབྱོར་གྱི་ཁེ་ཕན་ལ་གཞར་ཡང་རེ་སྙེག་བྱས་མ་མྱོང་། ཁོང་གིས་གཟུགས་པར་འདི་ཁྱབ་སྤེལ་བྱས་པ་ལ་བརྟེན་ནས། ཆེ•གྷི་ཝ་རའི་ཤུགས་རྐྱེན་ཇེ་ཆེར་སོང་སྟེ། མི་སྔར་བས་མང་པོ་ཞིག་གི་སེམས་ཀྱི་དང་རྟེན་དུ་འགྱུར་ན་བསམ་ཡོད། འོན་ཀྱང་གཟུགས་པར་འདི་ཉིད་ཚོང་རྫས་སུ་བསྒྱུར་བ་ལ་པར་བ་ཁོང་གཏན་ནས་མི་འཐད་དེ། དཔེར་ན། ཆེ•གྷི་ཝ་རའི་གཟུགས་པར་ཆང་གི་དམ་བེའི་ཐོག་དཔར་བ་ལྟ་བུ་བྱས་ཚེ་ཁོང་གི་མཚན་སྙན་ལ་དམའ་འབེབས་དང་ཁྱད་གསོད་བྱས་པ་རང་ཡིན་པར་འདོད།

 

2. ཇེམ•མོ་རི་སུན། (Jim Morrison) སེངྒེ་གཞོན་ནུ།

པར་བ། ཇའོ•བྷི་ར་ཌི་སི་ཀེ (Joel Brodsky) 1967

2.jpg

           པར་འདི་1967ལོར་བླངས་པ་རེད། ཇེམ•མོ་རི་སུན་གྱི་ཆེས་སྐད་གྲགས་ཆོད་པའི་གཟུགས་པར་ཡང་འདི་ཡིན་ངེས། པར་འདི་ལེན་དུས། ཇེམ་ཆང་གིས་བཟི་ནས་ར་རོ་བར་གྱུར་ཡོད་སྐད། པར་བ་བྷི་ར་ཌི་སི་ཀེ་ཡིས། ངས་གཟུགས་པར་འདི་པར་ཚོམས་དེའི་ཁྲོད་ཀྱི་གཟུགས་པར་བྲིན་ཤོས་སུ་གྱུར་བ་དེ་ཅུང་ཡ་མཚན་པ་ཞིག་རེད་བསམ་གྱིན་ཡོད། སྐབས་དེར་ཇེམ་བཟི་ནས་སྤྱོད་པ་འདྲ་མིན་ཞིག་བསྟན་ཡོང་བས། ང་ཚོས་པར་ལེན་མཚམས་མི་འཇོག་ག་མེད་བྱུང་། དོན་དུ་ཁོའི་ལུས་པོ་འཁྱར་འཁྱོར་བྱེད་ཀྱང་རྣམ་དཔྱོད་ཡོངས་སུ་འཕྲུལ་མེད་དེ། ངའི་པར་མིག་མདུན་དུ་ཁོའི་སྣང་བ་ཤིན་ཏུ་སྐྱིད་ཉམས་འདུག ཁོའི་རྣོ་ངར་ལྡན་པའི་མིག་ཟུང་ལས་སིམ་ཚོར་གྱི་སྣང་བ་ཅི་ཡང་སྟེར། དེ་ནས་བཟུང་ཇེམ་གྱིས་མིག་བརྡ་འདི་འདྲ་ཞིག་བསྟན་མ་མྱོང་། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། འདྲ་པར་འདི་དག་སྒོ་ཆེན་རོལ་ཚོགས་(The Doors)ཀྱི་ངོ་མཚར་བའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་འདུག

            ཁོང་བཟི་ཡོད་མེད་ཅི་ཆ་ཡང་། ཁོང་གི་མིག་ཟུང་ནི་ངོ་མཚར་བའི་གཏམ་རྒྱུད་ཅིག་ཏུ་གྱུར་ཟིན།

 

3. ཨའོ་བྷིར་ཐྲི•ཨེན་སི་ཐན། (Albert Einstein)

པར་བ། ཨར་སུར•ས་སི། (Arthur Sasse) 1951

3.jpg

          1951ལོའི་ཟླ་3པར། ཨེན་སི་ཐན་དགོང་ལོ་72ལ་ཕེབས་པའི་འཁྲུངས་སྐར་གྱི་དགྱེས་འཛོམས་ཐོག གསར་འགོད་པ་མང་པོས་འཚང་ཁ་ཤིག་ཤིག་གིས་ཚན་རིག་པ་ཆེན་པོ་ཨེན་སི་ཐན་པར་དུ་ལེན་བཞིན་མཆིས། ཨེན་སི་ཐན་གྱིས་ཁོང་ཚོ་འཛུམ་མདངས་ཀྱིས་བསུས། སྐབས་དེར་UPIཡི་པར་ལེན་གསར་འགོད་པ་ཨར་སུར•ས་སི་Arthur Sasseཡིས་ཨེན་སི་ཐན་པར་ལེན་སྐབས། ཁོང་གིས་གློ་རྡེག་ཏུ་ལྕེ་གནར་ནས་འཛུམ་མདངས་ཀྱི་ཚབ་བྱས། ས་སིས་ཨེན་སི་ཐན་གྱིས་ལྕེ་གནར་བའི་སྐད་ཅིག་མ་དེ་པར་དུ་བཏབས། རྗེས་སུ་ཨེན་སི་ཐན་ཁོ་རང་ཉིད་ཀྱང་པར་འདི་ལ་ཤིན་ཏུ་དགའ་བར་གྱུར་ཞིང་། རང་གི་ཆོབ་ཚ་བའི་པར་འདི་པར་སློག་བརྒྱབ་ཏེ་གྲོགས་པོ་དག་ལ་ལེགས་སྐྱེས་སུ་འབུལ་བཞིན་ཡོད་འདུག 2009ལོར། ཨེན་སི་ཐན་སྐུ་དངོས་ཀྱིས་མཚན་རྟགས་བཀོད་པའི་གཟུགས་པར་འདི་ཨ་སྒོར་74,324བྱས་ཏེ་རྡེག་འཚོང་བྱས་འདུག  

 

4. རྗང•ལེ་ནོན་དང་ཡོ་ཁོ་ཨོ་ནོ། (John lennon and Yoko Ono)

པར་བ། ཨན་ནེ•ལིས་བྷི་ཝེ་ཚི། (Annie Leibovitz) 1980

4.jpg

           འདྲ་པར་འདི་1980ལོའི་ཟླ་12པའི་ཚེས་8ཉིན།རྦབ་རྡོ།(Rolling stone)དུས་དེབ་ཀྱི་དབུ་ཤོག་དུ་པར་བླངས་པ་ཞིག་རེད། དུས་དེབ་རྩོམ་སྒྲིག་ཁང་ལ་རྗང•ལེ་ནོན་གྱི་འདྲ་པར་ལས་དགོས་ཀྱི་མེད་ཀྱང་། ལེ་ནོན་གྱིས་ཡོ་ཁོ་དང་མཉམ་པར་ལེན་རྒྱུའི་འདོད་བློ་བསྟན་པས། གཟོད་འཕྲུལ་སྣང་ཉིས་བརྩེགས་མ་Double Fantasyཞེས་པའི་དབུ་ཤོག་འདི་བྱུང་བ་རེད།

            ཨན་ནེ•ལིས་བྷི་ཝེ་ཚི་རིམ་བཞིན་འཛམ་གླིང་གི་གསར་དར་པར་བ་རྩེ་གྲ་ཞིག་ཏུ་གྱུར། ཁོ་མོས་ཕྱིར་དྲན་གྱི་ཚུལ་དུ། དེ་དུས་ཡོ་ཁོས་ཀྱང་གྱོན་པ་ཕུད་རྩིས་བྱེད་ཀྱིན་འདུག ངས་མོར་གྱོན་པ་ཅི་ཡང་མ་ཕུད་རོགས་ཞེས་ལབ་པ་ཡིན། དེ་ནས་ལེ་ནོན་མོའི་འགྲམ་དུ་བཅར་ཞིང་བསྐུམས་ནས་ཉལ། སྐབས་དེའི་ཚོར་སྣང་དངོས་གནས་དྲག་པོ་རེད། མོས་སྤྲོ་སེམས་མེད་ལ་གྲང་ཤུར་ཤུར་གྱི་ཚོར་བ་སྟེར།  འོན་ཀྱང་ཁོང་ཁྱེའུ་ཆུང་ཆུང་ཞིག་ལྟར་མོ་ལ་དམ་དུ་འབྱར་ནས་འདུག་ཅེས་བཤད།

           རྗང•ལེ་ནོན་གྱིས་ཡོ་ཁོ་ཨོ་ནོ་ལ་འཁྱུད་ཅིང་འོ་བྱེད་བཞིན་པའི་འདྲ་པར་འདི་བླངས་རྗེས་ཀྱི་དུས་ཚོད་ལྔའི་འཕྲོ་ནས། ལེ་ནོན་གཞན་གྱིས་ལྐོག་གསོད་ཐེབས་ནས་གྲོངས།

 

5. ཕིས་ཁ་སོ་དང་གོ་རེ།

པར་བ། རོ་བྷིར་ཐྲི•ཌྷོ་ཡེ་སི་ནོ། (Robert Doisneau) 1952

f5983fc7db85d54b9a27dd67186f2cc3.jpg

          ཧྥ་རན་སིའི་པར་བ་རོ་བྷིར་ཐྲི•ཌྷོ་ཡེ་སི་ནོ་ཡི་ཆེས་སྐད་གྲགས་ཅན་གྱི་འདྲ་པར་ནི་1950ལོའིང་ལ་འོ་ཞིག་བྱོས་དངཞེས་པ་དེ་ཡིན་སྲིད་ཀྱང་། ཁོང་ཁྲོམ་གཞུང་དང་རྒྱུན་ལྡན་འཚོ་བའི་སྐོར་ནས་པར་ལེན་རྒྱུར་དགའ་པོ་ཡོད་གཤིས། ཁོང་གིས་ཕིས་ཁ་སོ་(Picasso)ཡི་ཚབ་མཚོན་རང་བཞིན་ལྡན་པའི་གཟུགས་པར་ཞིག་ཀྱང་བླངས་ཡོད། རོ་བྷིར་ཐྲི•ཌྷོ་ཡེ་སི་ནོ་ཡིས། ང་རང་Villaurisལ་སླེབས་དུས། ཕིས་ཁ་སོ་ཡིས་ཆུང་མ་དང་ལྷན་དུ་གུང་ཟས་ལ་རོལ་བཞིན་པའི་སྒང་རེད། ཉིན་དེར་ང་ཚོས་ཁ་བརྡ་བྱས་ཏེ་བསྡད་པ་ལས་འདྲ་པར་གཅིག་ཀྱང་བླངས་མེད། ཕྱི་ཉིན་ང་ཡོང་དུས། ཕིས་ཁ་སོ་ཡིས་ང་ལ་ཐལ་ཟིང་འགལ་འཛོལ་གྱི་ཚོར་བ་དྲག་པོ་ཞིག་བྱིན་སོང་།  མ་བྱན་གྱིས་གོ་རེ་ཞིག་བཟོ་བཞིན་འདུག  ཁོ་ཚོས་སྔོན་ཆད་གོ་རེ་འདི་ལཕིས་ཁ་སོ་ཡི་ལག་པཞེས་འབོད་ཀྱིན་ཡོད་འདུག མི་ཚོས་གོ་རེའི་ལག་པ་འདི་ལ་མཛུབ་མོ་བཞི་ལས་མེད་པ་ཅི་ཡིན་ནམ་ཞེས་འདྲི་དུས། ཁོང་གིས། གོ་རེ་འདིའི་མིང་ལ་ཕིས་ཁ་སོ་ཡི་ལག་པཞེས་བཏགས་པའི་རྒྱུ་མཚན་དེ་རེད་ཅེས་ལན་བཏབས་འདུག  དེར་བརྟེན་ངས་ཀྱང་གོ་རེ་དེ་འདྲ་གཉིས་འཁྱེར་ནས་ཕིས་ཁ་སོའི་མདུན་ཅོག་ཐོག་བཞག་ཅིང་པར་འདི་བླངས་པ་ཡིན། ཕིས་ཁ་སོ་རྩེད་དགའ་ཆེ་བ་ཀུན་གྱིས་ཤེས། ང་ཚོས་འདྲ་པར་འདི་ལ་བལྟས་ནས་ཉིན་རིང་ཀྱལ་ཀ་བཤད་ཅིང་གད་མོ་ཤོར། ཁོང་ནི་ངའི་མི་ཚེ་འདིའི་ནང་གི་modelདགའ་ཤོས་དེ་ཡིན། ཁོང་དང་ལྷན་དུ་འགྲོགས་མྱོང་མཁན་ཚང་མར་ཐོབ་བྱ་མང་པོ་འདུག་ཅེས་བཤད། 

 

6. ཆིར་ཆི་ཨོ། (Churchill) སེངྒེ་ཁྲོ་བོ།

པར་བ། ཡོའུ་སི་ཧྥུ•ཁར་ཤཱི (Yousuf Karsh) 1941

6.jpg

           འདྲ་པར་འདི་ནི་1941ལོའི་སྤྱི་ཟླ་12པའི་ཚེས་20ཉིན། ཆིར་ཆི་ཨོ་གྱིས་ཨོ་ཐེ་ཝ་གྲོས་ཚོགས་ཀྱི་གཏམ་བཤད་མཇུག་སྒྲིལ་མ་ཐག་བླངས་པ་ཞིག་རེད། ཁར་ཤཱིས་ལོ་རྒྱུས་རང་བཞིན་པའི་འདྲ་པར་ཞིག་ལེན་ཆེད། པར་ཆས་ཀྱི་མགྱོགས་སྒོ་མ་མནན་པའི་སྔོན་ལ་ཆིར་ཆི་ཨོ་ཡི་ཁ་ནང་དུ་བཙིར་ཡོད་པའི་ཐ་མག་cigarདེ་མར་བླངས་པ་རེད། ཁར་ཤཱིས། དང་ཐོག་ཁོང་ལ་རྣམ་འགྱུར་ཁྱད་པར་བ་ཅི་ཡང་སྟོན་རྒྱུ་མི་འདུག དེ་ནས་ངས་ངེས་པར་དུ་མི་བོ་ཆེ་ཁོང་མཚོན་ཐུབ་པའི་འདྲ་པར་ཞིག་བླངས་ཏེ། ཁོང་དང་ངེད་གཉིས་འཛམ་གླིང་ཐོག་སྐད་གྲགས་ཁྱབ་པ་དང་། དམག་དཔུང་ལ་ངར་ཤུགས་སྦྱིན་ཐུབ་པ་ཞིག་བྱ་དགོས་བསམ་བྱུང་ཞེས་བརྗོད་འདུག པར་བླངས་རྗེས་ཆིར་ཆི་ཨོ་ཡིས་ཁར་ཤཱི་ལ། ཁྱོད་ཀྱིས་དངོས་གནས་པར་མིག་གི་མདུན་དུ་སེངྒེ་ཁྲོ་བོ་ཞིག་བཞེངས་ཐུབ་ཀྱིན་འདུག་ཅེས་བསྔགས་བརྗོད་གནང་བར་བརྟེན། འདྲ་པར་འདིའི་མིང་ལ་སེངྒེ་ཁྲོ་བོ་ཞེས་བཏགས། དེ་བཞིན་འདྲ་པར་འདི་ཡང་འཚོ་བ།(LIFE) དུས་དེབ་ཀྱི་དབུ་ཤོག་ཏུ་གྱུར་ཏོ།།

 

7. དྷེ་མིས•མོར། (Demi Moore)

པར་བ། ཨན་ནེལིས་བྷི་ཝེ་ཚི། (Annie Leibovitz) 1991

7.jpg

           1991ལོར། ཁེ་གྲགས་གླིང་།དུས་དེབ་ཀྱི་དབུ་ཤོག་སྟེ་མངལ་སྦྲུམ་པའི་དྷེ་མིས•མོར་གྱི་འདྲ་པར་འདིས་སྐབས་དེའི་སྤྱི་ཚོགས་སུ་གཡོ་སྐྱོམ་དྲག་པོ་ཐེབས་སུ་བཅུག་པར་མ་ཟད། ད་ལྟའང་འཕྲིན་སྦྱོར་རིགས་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།  པར་འདི་མ་བླངས་སྔོན་ནས། པར་བ་ལིས་བྷི་ཝེ་ཚི་དང་དྷེ་མིསམོར། ད་རུང་སྐབས་དེའི་མོའི་ཁྱོ་ག་བྷི་རོའུ་སིཝེ་ལི་སི་Bruce Willisབཅས་བར་གྱི་འབྲེལ་བ་ཡག་པོ་ཡོད་འདུག ཁེ་གྲགས་གླིང་།ལ་པར་ལེན་པའི་ཆེད་དུ། མོས་མངལ་སྒྲུམ་པའི་དྷེ་མིས་ལ་ལྭ་བ་གྱོན་ཡོད་པའི་འདྲ་པར་ཧ་ཅང་མང་པོ་ཞིག་བླངས། ཆེས་མཇུག་མཐར་སྒྲེན་མོའི་འདྲ་པར་འདི་དྷེ་མིས་བཟའ་ཟླ་གཉིས་ལ་དྲན་རྟེན་དུ་བླངས་པ་ཞིག་རེད། རྗེས་སུ་ལིས་བྷི་ཝེ་ཚི་ཡིས་སྦྱིན་ཤོག་ལ་ཞིབ་ལྟ་བྱེད་སྐབས་གཞི་ནས་མོའི་སྒྲེན་པར་འདི་དབུ་ཤོག་ཡག་ཤོས་ཤིག་འཁྱོངས་ཡོད་པར་ཤེས་ཞིང་། དྷེ་མིསམོར་གྱིས་ཀྱང་མོའི་པར་འདི་དུས་དེབ་ཀྱི་དབུ་ཤོག་ཏུ་འཇོག་པར་དགའ་བཞིན་དུ་ཆོག་མཆན་སྤྲད་ཡོད་པ་རེད།    

            ལིས་བྷི་ཝེ་ཚི་ཡིས། ང་ལ་མཚོན་ན། གལ་སྲིད་པར་འདི་གཟུགས་པར་ཡག་ཤོས་ཤིག་ཏུ་འགྱུར་དགོས་ན། མོའི་ལག་པས་བྲང་ཁ་མ་བཀབ་ན་འགྲིག་ཅིང་། མིག་གིས་ཀྱང་པར་མིག་ལ་མ་བལྟས་ན་ལྷག་ཏུ་འགྲིག འདྲ་པར་འདི་དུས་དེབ་ཀྱི་དབུ་ཤོག་ཙམ་རེད། ངའི་བརྩམས་ཆོས་ལེགས་ཤོས་དག་དུས་དེབ་ཀྱི་ནང་དུ་ཡོད་ཅེས་དཔྱད་བརྗོད་གནང་འདུག

 

8. ལྗེ་མིས•ཧན་ཌི་རེ་ཁི་སི། (Jimi Hendrix)

པར་བ། ཇེམ•མ་སའོ། (Jim Matthew) 1967

          1967ལོའི་ཨ་རིའི་རྒྱལ་ཡོངས་རོ་ཁི་རོལ་མོའི་དུས་ཆེན་ཏེ་མཱང་ཐི་རེ་རོལ་མོའི་དུས་ཆེན་Monterey Festivalགྱི་སྐབས་སུ། ལྗེ་མིས•ཧན་ཌི་རེ་ཁི་སིས་སྣང་བ་རྒྱ་ཡན་དུ་བཏང་ནསWild thingཞེས་པའི་གླུ་གཞས་དེ་བླངས་རྗེས། རང་གི་གྷེ་ཐར་གྱི་ཐོག་རླངས་སྣུམ་གཏོར་ནས་མེ་རུ་སྒྲོན། མེ་ལྕེ་དམར་ལམ་ལམ་དུ་འབར་བཞིན་པའི་སྐབས་སུ། ལྗེ་མིས་ཀྱིས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་མེས་འཚིག་བཞིན་པའི་གྷེ་ཐར་གྱི་སྒྲ་ལ་ཉན། དེ་ནས་ཁོས་འབར་བཞིན་པའི་གྷེ་ཐར་ཐང་ལ་དྲག་ཏུ་བརྡབས་ནས་དུམ་བུར་བཏང་རྗེས་ལྟད་མོ་བའི་དབྱིངས་སུ་གཡུགས། 

           པར་འདི་ལེན་མཁན་ཇེམ•མ་སའོ་ཡང་རོ་ཁིའི་འཇིག་རྟེན་ཁྲོད་ཀྱི་མི་སྣ་ངོ་མཚར་ཅན་ཞིག་ཡིན་ཏེ། ཁོང་ནི་གཞས་པ་འདི་དག་གི་གམ་བཅར་བ་ཉུང་ཤས་ལས་མེད་པའི་ནང་གི་གཅིག་ཡིན། བྷེ་ཐོ་སིའི‘The Beatles’མཇུག་མཐའི་གླུ་གཞས་དགོང་ཚོགས་ཀྱི་སྐབས་སུའང་ཇེམ་ནི་སྟེགས་རྒྱབ་ཏུ་འགྲོ་ཆོག་པའི་པར་བ་གཅིག་པུ་དེ་ཡིན།ཁོས་བླངས་པའི་ལྗེ་མིས•ཧན་ཌི་རེ་ཁི་སིའི་གཟུགས་པར་འདི་ཉིད་རྦབ་རྡོ།དུས་དེབ་བཏོན་ནས་ལོ་འཁོར་20ལོན་པའི་རྗེས་དྲན་དེབ་ཀྱི་དབུ་ཤོག་ཏུ་བཞག་ཡོད།

 

9. མ་རེ་ལེན•མོན་རོ། (Marilyn Monroe)

པར་བ། མ་སུའོ•ཟེ་མར་མན། (Matthew Zimmerman) 1954

9.jpg

            མ་རེ་ལེན•མོན་རོ་ལ་གཟུགས་པར་གྲགས་ཅན་མང་པོ་ཡོད་ཀྱང་། མོའི་གཟུགས་པར་རྩེ་གྲ་འདི་རེད། 1954ལོའི་ཟླ་9པའི་ཚེས་9ཉིན། གློག་བརྙན་Seven Year Itchབརྙན་ཕབ་བྱེད་བཞིན་པའི་སྐབས་སུ། མ་རེ་ལེན•མོན་རོ་ཉེའུ་ཡོག་ས་འོག་ལྕགས་ལམ་གྱི་རླུང་རྒྱུ་སར་སྡོད་པའི་སྐབས་རེད། འདྲ་པར་ཐོག་གི་མ་རེ་ལེན•མོན་རོ་ཡི་སྨད་གཡོགས་རླུང་གིས་བསྐྱོད་པའི་འདབ་ཁ་གློག་བརྙན་ནང་ལས་ཀྱང་མཐོ་བ་འདུག

 

10. བྷོབ•དྷེ་ལིན། (Bob Dylan)

པར་བ། བྷ་རེ•ཧྥན་སི་ཐེན། (Barry Feinstein) 1966

10.jpg

           བྷོབ•དྷེ་ལིན་ལ་ཡང་མ་རེ་ལེན•མོན་རོ་དང་འདྲ་བར་དཔེ་མཚོན་རང་བཞིན་ལྡན་པའི་གཟུགས་པར་མང་པོ་ཞིག་ཡོད་ཀྱང་།  བྷ་རེས་བླངས་པའི་འདྲ་པར་འདི་བཞིན་དར་ཁྱབ་ཆེ་བ་ཞིག་བྱུང་མེད། 1966ལོར། བྷ་རེ་བྷོབ•དྷེ་ལིན་དང་ཁོའི་རོལ་ཚོགས་ཀྱི་རྗེས་སྙེག་ནས་དབྱིན་ཇིར་སླེབས་ཤིང་། ལོན་ཌོན་གྱི་སྐོར་བསྐྱོད་དགོང་ཚོགས་སྐབས་སུ་ཁོས་དྷེ་ལིན་གྱི་རླངས་འཁོར་རིང་མོ་དེའི་ནང་ནས་པར་འདི་བླངས་པ་རེད། དྷེ་ལིན་གྱི་གཞས་ལ་དགའ་མཁན་ (Fans)དག་གིས་རླངས་འཁོར་ཕྱི་ནས་ཐལ་མོ་རྡེབ་པ་དང་དགའ་འབོད་སོགས་ཅི་འདྲ་བྱས་ཀྱང་། བྷོབ•དྷེ་ལིན་གྱིས་བབ་བརྟན་ངང་ཁོ་ཚོ་སྣང་མེད་དུ་འཇོག་པར་བྱེད། འདྲ་པར་འདི་རུ་གསལ་བའི་བྷོབ•དྷེ་ལིན་ནི་གཞས་པ་ཁོ་རང་ཉིད་ལས་ཀྱང་གླེང་གཞི་ཅན་ཞིག་རེད་ལ། ཉམ་ཆུང་དང་འུད་སྒྲོག་གི་གཤིས་ཀ་ཡོད་མཁན་ཞིག་ཀྱང་རེད། 

 

(ངེད་དྲ་བའི་རྩོམ་དག་ཆོག་མཆན་མེད་པར་གང་བྱུང་དུ་དགོལ་མི་རུང་།)

དཔྱད་མཆན་ཡོད།