«སངས་རྒྱས»ཞེས་པའི་འཁྲབ་སྟོན་པ་གཙོ་བོ་ཧི་མན་ཤུ•སོ་ནི།

⊙ མིང་།  ཧི་མན་ཤུ་སོ་ནི།    (Himanshu Soni)

⊙ སྐྱེས་ཡུལ།  ༡༩༨༨/༢/༡ཉིན།  རྒྱ་གར་ལྗཻ་ཕུར་མངའ་སྡེ།

⊙ ལས་གནས།  གློག་བརྙན་འཁྲབ་སྟོན་པ།

⊙ ཚབ་མཚོན་གློག་བརྙན།   «སངས་རྒྱས»ཞེས་པའི་ལེའུ་ལྔ་བཞི་ཅན་གྱི་མུ་འབྲེལ་གློག་བརྙན།


མི་ཚེའི་བརྒྱུད་རིམ། 

   ཧི་མན་ཤུ་སོ་ནི་ཁོང་ལ་ནུ་མོ་གཉིས་ཡོད། ཁོ་མཱན་སི་ལོར་ཐེ་ཀོར་རྒྱལ་སྤྱིའི་སློབ་ཆེན་ནས་མཐར་ཕྱིན་རྗེས། ལཱ་ཅ་སི་ཐན་ཚོང་ལས་སློབ་ཆེན་ནས་ཚོང་ལས་རབ་འབྱམས་པའི་བསླབ་གནས་བླངས། ༢༠༡༡ལོ་ནས་ཁོས་རང་ཉིད་ཀྱི་ཕུགས་བསམ་གྱི་ཆེད་དུ། ཁྱིམ་དང་ཁ་བྲལ་ནས་འགྲུལ་བཞུད་བྱེད་མགོ་བརྩམས། སྐབས་དེར་ཁོ་ལོ་ཉེར་གསུམ་ཡིན། ངར་ཤུགས་དང་དཔའ་སྤོབས་ཀྱིས་ཁེངས། སྒྱུ་རྩལ་གྱི་ལས་རིགས་ནི་ཁོ་ལ་མཚོན་ན་སླ་མོ་ཞིག་གཞི་ནས་མ་ཡིན་པས་དཀའ་སྡུག་མང་པོར་གདོང་ལེན་བྱས་ནས། སྔར་ལས་ཕུགས་བསམ་གྱི་ཆེད་དུ་སེམས་ཐག་རྦད་ཆོད་བྱས། ཁོས་ཐོག་དང་པོར་འཁྲབ་སྟོན་བྱས་པའི་མུ་འབྲེལ་གློག་བརྙན་ནི«ཞིན་ཡེད་zindagiཧན་གོར་ཧྲན་དང་parvarish»ཡིན། དེར་དགའ་བསུ་ཆེར་མ་ཐོབ།

1520069087902462.jpg

 ༢༠༡༣ལོ་ལ་སླེབས་པའི་ཉིན་ཞིག་ལ། ཁོས་སངས་རྒྱས་རྣམ་ཐར་ཁྲོད་ཀྱི་སངས་རྒྱས་ཤཱཀྱ་མུ་ནེ་གཙོ་འཁྲབ་རབ་དང་རིམ་པ་བྱས་པ་མ་ཟད། མཐར་བརྙན་ཕབ་ཚོད་ལྟ་༣༠༠བྱས་པ་ལས་འབུར་དུ་ཐོན་པར་གྱུར། ༢༠༡༣ལོའི་ཟླ་དང་པོར། «སངས་རྒྱས»ཞེས་པའི་མུ་འབྲེལ་གློག་བརྙན་གྱི་བརྙན་ཕབ་མགོ་བཙུགས། དོན་བྱ་དེ་ནི་ཁོའི་མི་ཚེ་ཁྲོད་ཀྱི་ཤིན་ཏུ་གལ་ཆེ་བའི་འགྲུལ་བཞུད་ཅིག་ཏུ་ཆགས། ཁོས་ཟླ་དྲུག་བརྒྱད་ཀྱི་དུས་ཚོད་བེད་སྤྱད་དེ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་དགོངས་དོན་བརྩམས་ཆོས་ལ་ཞིབ་འཇུག་དང་ལྟ་ཀློག་བྱས། དེ་མིན་སྒོམ་སྦྱོང་དང་གྲི་རྩལ་དང་། དྲག་རྩལ། དབྱུག་རྩལ་འདྲ་མིན་མང་པོ་སྦྱོང་བརྡར་བྱས་པ་དེས་ཁོ་ལ་ཕན་ངེས་ཅན་ཐོགས་ལ།  ཤཱཀྱའི་སྲས་རྒྱལ་བུ་དོན་གྲུབ་ཏུ་འཁྲབ་པར་འདྲེན་ཤུགས་ཆེན་པོ་ལྡན་པར་གྱུར། «སངས་རྒྱས་»ཞེས་པའི་མུ་འབྲེལ་གློག་བརྙན་ནི། ༢༠༡༣ལོའི་རྒྱ་གར་རྒྱལ་ཡོངས་ནས་དགའ་བསུ་ཤིན་ཏུ་ཐོབ་བཞིན་པ་ཞིག་རེད། གཟིགས་མོ་བ་མི་དུང་ཕྱུར་ལྔ་ལྡན་ལ། རྒྱལ་ཁབ་ཁོ་རི་ཡ་དང་སིངྒ་ལ། འབར་མ། ཡོབ་གླིང་། ཨིན་ཇི། ཨ་རི་སོགས་རྒྱལ་ཁབ་མང་པོས་དགའ་བསུ་ཐོབ་བོ། །

1520069123733132.jpg

1520069193793333.jpg

དཔྱད་མཆན་ཡོད།