གློག་བརྙན《གསའ》ལས་པད་མ་དང་མཇལ་བ།

          1712806144994077.jpg

           གློག་བརྙན་《གསའ》ལ་བལྟས་རྗེས་པད་མའི་མིག་མདངས་དང་བསམ་བློ་མཐོང་བྱུང་།སྙིང་སྟོབས་མཐོང་བྱུང་། དགེ་སློང་དེས་ལུག་ར་ནས་གཟའ་ཡི་མིག་མདངས་ལ་ཕན་ཚུན་ཅེར་དུས་དགེ་སློང་གི་མིག་མདངས་ནི་པད་མའི་མིག་མདང་རེད། ང་ལ་མཚོན་ན་མིག་མདངས་འདི་ནི་ཇི་འདྲའི་རྒྱུས་ཡོད་ཅིག་དང་ཇི་འདྲའི་གཏིང་ཟབ་པ་ཞིག་རེད་ཨང་། དགེ་སློང་དེས་བྲག་སྐྱིབས་ན་ཁེར་རྐྱང་གིས་སྒོམ་པའི་གཟུགས་བརྙན་དེའང་པད་མའི་གཟུགས་བརྙན་ལྟར་ཁེར་རྐྱང་དང་ཨུ་ཚུགས། གང་ལའང་མི་འཇིགས་པའི་སེང་གེ་ཁེར་འགྲོ་ཞིག་དང་འདྲ་ཨང་། ཉེན་རྟོག་པས་ས་ལ་མནན་པའི་སྦྱིན་པ་མཐོང་དུས་ངས་ཡང་བསྐྱར་གནམ་ཐང་གི་དོན་རྐྱེན་ཁྲོད་ཀྱི་པད་མ་དྲན་བྱུང་།

རྩོམ་པ་པོ། གངས་ཞུན། 

དཔྱད་མཆན་ཡོད།