རྩོམ་པ་པོ་ཚེ་རིང་དོན་གྲུབ།
འཁྲབ་ཁྲིད་པ་ཤེའུ་ལུང་ཚེ་གཟུངས་ཐར།
བརྙན་ལེན་པ་ཧོར་དབུས་སྐྱབས་རྒྱལ།
གཙོ་འཁྲབ་པ། ཕག་མོ་དོན་གྲུབ།
སྤྱི་ལོ་2022་ལོའི་ཟླ་1་པོའི་ཚེས་6་ཉིན་གློག་བརྙན་ར་ལོ་བརྙན་ཕབ་ཡོངས་སུ་མཇུག་རྫོགས།
འདི་ན། ར་ལོའི་ཉིན་མོར་སྤོབས་པས་བཏེགས་པའི་རལ་ལུའི་སྣང་བ་ཡོད།
འདི་ན། ར་ལོའི་མཚན་མོར་ཞེ་ལ་བྲིས་པའི་བརྩེ་དུང་གི་གཏམ་རྒྱུད་ཡོད།
ཁྱེད་རང་སྤྱི་ཚོགས་ཀྱི་ཡས་སྣེ་ན་མྱི་ཁས་མནར།།
ཁྱེད་རང་སྤྱི་ཚོགས་ཀྱི་མས་སྣེ་ན་འཚོ་བས་མནར།།
ར་ལོའི་སྣབས་ཀྱིས་དཀར་ནག་འཐབ་བཞིན་ཉི་ཟླའི་རྣ་ལོང་ཆུ་ལ་བྲིས།
ར་ལོའི་རལ་ལིས་ཞེན་ཆགས་འཁུར་གྱིན་ལས་ཀྱི་རྒོད་པོ་མཁའ་ལ་བཏེགས།
ང་ནི་ར་ལོ། ཁྱེད་ནི་ར་ལོ།
རྒོད་པོ་མཐོང་དུས་ངལ་བའི་རྡོག་སྣེར་མིག་ཆུ་ཞིག་བབས་བྱུང་།
མི་ཁས་གཙེས་དུས་སྨུག་པོའི་གདོང་ལ་ཉི་འོད་ཅིག་འཁྱིལ་བྱུང་།
ར་ལོ་མང་པོའི་རལ་བའི་སྣེ་ནས་རྟ་ཕོ་ཞིག་བོར་སོང་།
ར་ལོ་མང་པོའི་དུ་བའི་སྣེ་ནས་གསེར་སྒ་ཞིག་ལུས་སོང་།
ང་ནི་ར་ལོ། ཁྱེད་ནི་ར་ལོ།
ར་ལོས་གཏམ་གྱི་ལུག་ཁྱུ་འདེད་བཞིན་མགྲོན་པོའི་རྐང་ལམ་འོད་ཀྱིས་བྲིས།
ར་ལོའི་སྐ་རགས་ཐང་ནས་བོར་བས་ལམ་གྱི་བདག་མོ་རི་ལ་བྲོས།
གྲང་རེག་ངར་མས་ལུས་སེམས་ངལ་ཀྱང་ཨུ་ཚུགས་ཆེན་པོས་འཚོ་བ་ཁྱེད།
འཁོར་བའི་རྟ་ཕོ་འདམ་ལ་ཟུག་ཀྱང་ང་རྒྱལ་ཆེན་པོས་འགྲེང་བ་ཁྱེད།
སྲོད་ཀྱི་ཉི་མས་རྒྱང་ལ་ཁྲིད་ཀྱང་སྣང་བ་གྱ་གྱུས་སིམ་པ་ཁྱེད།
གྲིབ་སོའི་ཇག་གླུས་ལག་པར་རེག་ཀྱང་ཕྱི་མིག་ཀློང་ནས་འཚོ་བ་ཁྱེད།
ཁ་བ་མཐོང་དུས་དྲན་པའི་གཞུང་ལ་ལས་སྐལ་ཞིག་འཁོར་བྱུང་།
རལ་བར་རེག་དུས་ལག་པའི་སྣེ་ནས་མེ་ཏོག་ཅིག་སྐྱེས་བྱུང་།
ར་ལོ་མང་པོའི་རལ་བའི་སྣེ་ནས་སྐར་མདའ་ཞིག་ཡལ་སོང་།
ར་ལོ་མང་པོའི་དུ་བའི་སྣེ་ནས་སྐྱོ་འཛུམ་ཞིག་ལུས་སོང་།
ར་ལོ་ཁྱོད་རེད། ང་རེད། ཁོ་རེད། ང་ཚོ་ཚང་མ་ར་ལོ་རེད།
ཡོང་ཁུངས། མཚོ་སྔོན་སྦྲ་ཁྱིམ་ཕྱུག་མོ་ཚང་།
དཔྱད་མཆན་ཡོད།