«སྒོ་སམ»ཞེས་པའི་གློག་བརྙན་ཞིག་རྔ་བ་རུ་ཕབ་སྐྲུན་མཇུག་རྫོགས་པ།

སྤྱི་ཟླ་11པའི་ཚེས་21ཉིན་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་གསར་པ་《སྒོ་སམ་》ཞེས་པ་དེ་མདོ་སྨད་རྔ་བ་རུ་ཕབ་སྐྲུན་དབུ་འཛུགས་མཛད་སྒོ་སྤེལ།

888.jpg 

ཕབ་སྐྲུན་མཛད་སྒོའི་སྟེང་གློག་བརྙན་《སྒོ་སམ་》གྱི་འཁྲབ་འཁྲིད་པ་ཡོན་ཏན་དང་།   གཙོ་འཁྲབ་པ་མགར་དམག    གཙོ་འཁྲབ་པ་ཤེལ་དཀར་སོགས་གཙོས་པའི་བརྙན་ལེན་པ་དང་སྒྲ་ལེན་པ་སོགས་ཕབ་སྐྲུན་ཚན་ཆུང་གི་མི་སྣ་ཚོས་རྟེན་འབྲེལ་གྱི་ཤིས་ཚིག་བརྗོད་པ་དང་།  སོ་སོའི་གློག་བརྙན་སྒོ་སམ་དང་འབྲེལ་བའི་གཏམ་བཤད་གནང་།

777.jpg

                                 གཙོ་འཁྲབ་པ་མགར་དམག

              གློག་བརྙན་《སྒོ་སམ་》ཞེས་པ་ནི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་གཅིག་ལྕོགས་གནང་བའི་གཏམ་རྒྱུད་གློག་བརྙན་གཉིས་པ་དེ་ཡིན་ཞིང་།  གློག་བརྙན་《སྒོ་སམ་》ནང་དུ་ལང་ཚོ་དར་ལ་བབ་པའི་གསབ་ཁྲིད་དགེ་རྒན་ཞིག་གི་རྨི་ལམ་ནང་རྟག་པར་བུ་མོ་གཞོན་ནུ་མ་ཞིག་སླེབས་བཞིན་པ་དང་སྦྲགས་དངོས་ཡོད་དང་འཕྲུལ་སྣང་ཐམས་ཅད་ནས་ཁོ་ལ་དཀའ་ངལ་འཕྲད་བཞིན་པའི་གཏམ་རྒྱུད་ཡ་ང་བ་ཞིག་བརྗོད་ཡོད།   

666.jpg

   ཕབ་སྐྲུན་ཡུལ་དངོས།

21.jpg

དུས་ཚིགས།

            གློག་བརྙན་《སྒོ་སམ་》གྱི་ཕབ་སྐྲུན་དུས་ཚིགས་ནི་སྟོན་མཇུག་དང་དགུན་གྱི་དུས་འགོ་གདམས་པར་བྱས་ལ།    དུས་ཚིགས་འདི་ཡི་ཁ་མདོག་གིས་གློག་བརྙན་སྒོ་སམ་གྱི་མཚོན་ཐབས་ལ་ཚོན་མདངས་དམིགས་བསལ་ཞིག་སྐྲུན་པར་བྱས།  མ་ཟད་གློག་བརྙན་《སྒོ་སམ་》གྱི་ཕབ་སྐྲུན་གོ་རིམ་ཁྲོད་ཁ་བའི་འདབ་མ་མང་པོ་གཏོར་བས་གློག་བརྙན་འདི་ཡི་མཚོན་ཐབས་ཐད་སྔ་ན་མེད་པའི་མི་སྡུག་པའི་མཛེས་པ་སྐྲུན། 

12/1

1512395855553991.jpg

     འཁྲབ་ཁྲིད་པ་ངོ་སྤྲོད།    གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ནི་ཨ་མདོ་རྔ་བར་སྐྱེས། ཁོའི་སྨྱུག་མིང་ལ་ སྙུག་བཅུད་ལེན་ དུ་འབོད། ཁོ་རང་སྤྱི་ལོ་2017ལོར་ ནུབ་བྱང་མི་རིགས་སློབ་ཆེན་གྱི་རྩོམ་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས།  པེ་ཅིང་གློག་བརྙན་སྒྱུ་རྩལ་སློབ་གླིང་དུ་གློག་བརྙན་འཁྲབ་ཁྲིད་དང་འཁྲབ་གཞུང་སྐོར་ལ་སློབ་གཉེར་བྱས། རྩོམ་རིགས་བརྩམས་ཆོས་བོད་ཡུལ་བསྐོར་བའི་ཟིན་ཐོ་༼  རྐང་འཁོར་དང་ལྷ་ས་ ༽ དང་།  འབོལ་རྩོམ་ཆེད་དེབ་༼  མི་རབས་དཔའ་བོ་ ༽ སོགས་དང་། གློག་བརྙན་བརྩམས་ཆོས༼  རྒྱང་རིང་ ༽ སོགས་ཡོད།

※གསལ་བཤད།  རྩོམ་འདིའི་མ་རྩོམ་དུ་རྒྱ་ཡིག་ཤན་དུ་སྦྱར་འདུག་ཀྱང་། འདིར་ངེད་དྲ་བའི་སྒྲུབ་ལུགས་ལྟར་རྒྱ་ཡིག་སྐོར་འཕྲི། གལ་ཏེ་མི་རུང་ཚེ་ངེད་ཅག་ལ་འབྲེལ་བ་བྱེད་ཆོག


【གློག་བརྙན«སྒོ་སམ»ཕབ་སྐྲུན་གོ་རིམ་ཁྲོད་ཀྱི་མྱོང་སྣང་བརྗོད་པ། http://www.filmtbt.com/people/actor/2017-12-04/786.html 

དཔྱད་མཆན་ཡོད།