དགེ་རྒན་དུས་ཆེན་ལ་གློག་བརྙན་བཅུ་ཡིས་མཆོད་པ་འབུལ།


1.དུས་མཐའི་སྙན་ངག་ཚོགས་པ།

 p2462881677.jpg

《死亡诗社》

            ད་རེབ་ཁྱེད་ཅག་ལ་ངོ་སྤྲོད་པར་འདོད་པའི་གློག་བརྙན་འདི་ནི༼དུས་མཐའི་སྙན་ངག་ཚོགས་པ ༽ཞེས་པ་འདི་ཡིན་ཏེ། འདི་ནི་སྲོལ་རྒྱུན་སློབ་གསོ་ལས་བསྐྱེད་པའི་ནག་ཉེས་དང་གོ་འཛོལ་བརྗོད་པ་བརྒྱུད། སྤྱི་པ་དང་མི་སྒེར་གང་ཡིན་རུང་སློབ་གསོའི་ལས་དོན་སྟེང་ནས་མི་བུ་རང་ཚུགས་ཅན་དང་ཕུགས་བསམ་ཅན་དུ་གཞོལ་རྒྱུའི་སྐོར་བརྗོད་པའི་གྲགས་བརྙན་ཞིག་ཡིན།


 2.གླུ་སྐད་དེ་སེམས་ན་ཡོད།

p1184813744.jpg

《放牛班的春天》

            གློག་བརྙན་འདིར་ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུག་པའི་དགེ་རྒན་ཞིག་སྲོལ་རྒྱུན་གྱི་སློབ་གྲྭ་གསར་པ་ཞིག་ཏུ་སླེབས་མོད། སློབ་གྲྭ་དེ་གའི་སློབ་མ་དག་ནི་རྒྱུན་མཐོང་གི་སློབ་མ་ཙམ་མ་ཡིན་པར་མི་རྒན་གྱིས་ཡལ་བར་དོར་བའི་བྱིས་པ་རྒོད་པོ་ཏག་ཏག་ཡིན་པས། དགེ་རྒན་ཁོང་གིས་ཐབས་ཤེས་གང་མང་སྤྱད་དེ་སློབ་མ་ཚོ་དང་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་པའི་གཏམ་རྒྱུད་ངོ་མཚར་ཞིག་བརྗོད་ཡོད།


3.རླབས་རྒྱུན།

 p2558367913.jpg

《浪潮》

             གློག་བརྙན་འདི་ནི་དངོས་ཡོད་གནས་ཚུལ་ཞིག་བཅོས་སྒྲིག་བྱས་པ་ཡིན་ཞིང་། 1967ལོར་ཨ་རིའི་མངའ་སྡེ་ཞིག་གི་མཐོ་འབྲིང་སློབ་ཁུལ་དུ། ལོ་རྒྱུས་དགེ་རྒན་རོན་རྗོན་སི་ཡིས་སློབ་མ་རྣམས་ལ་ཅི་འདྲ་ཞིག་ལ་ཧྥ་ཤི་སི་རིང་ལུགས་ཟེར་བ་ཤེས་ཆེད་སློབ་མ་ཚོ་རྩ་འཛུགས་བྱས་ནས་སློབ་གསོའི་ཚོད་ལྟ་ཞིག་བསྒྲུབ། ཚོད་ལྟ་འདི་རིམ་བཞིན་མིའི་བསམ་ཡུལ་ལས་འགོངས་ཏེ་སྔར་མེད་ཀྱི་ཟིང་ཆ་བསླངས་ཤིང་རྒོད་ལ་ཤོར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།


 4.སེམས་ཀྱི་གཟུང་འཛིན།

p480965695.jpg

《心灵捕手》

            སྙན་པའི་གྲགས་པ་འབར་བའི་གློག་བརྙན་འདིར། མིང་ལ་ཝེ་ཨར་ཟེར་བའི་མ་ཧྲིན་རྩིས་ཚན་སློབ་གླིང་གི་གད་པ་ཞིག་གི་གཏམ་རྒྱུད་དང་འབྲེལ། སློབ་མ་ཝེ་ཨར་ལ་རྩིས་རིག་ཕྱོགས་ནས་རྣམ་དཔྱོད་ཆེན་པོ་ཡོད་ནའང་། རྒྱུན་པར་མ་རབས་པྲ་ཚགས་ཀྱི་ལས་ལ་ཞུགས་ནས་རྒུད་པའི་ལམ་དུ་འགྲོ་བཞིན་ཡོད། འོན་ཏེ་སེམས་ཁམས་རིག་པའི་དགེ་རྒན་ཞིག་གི་སྣེ་ཁྲིད་འོག་ནས་ད་གཟོད་རིམ་བཞིན་འཇོན་ནུས་རྩལ་གསུམ་རྒྱས་འགོ་ཚུགས་པས། མ་རིག་མུན་པ་སེལ་བའི་དགེ་རྒན་ཞིག་གིས་སློབ་མའི་སེམས་རྒྱུད་རྟོགས་ནས་སེམས་ཁམས་ལ་ཚོད་འཛིན་བྱེད་ཐུབ་ན་ད་གཟོད་གྲུབ་འབྲས་སྨིན་ཐུབ་པའི་གནས་ལུགས་ཤིག་བརྗོད་ཡོད།


 5.ལྷ་ཡུལ་ཐོས་པ།

p501470793.jpg

《听见天堂》

           གློག་བརྙན་འདི་ནི་དབྱི་ཐ་ལིའི་ལོང་པ་ཡིན་ལ་སྒྲ་པའང་ཡིན་པའི་རྨི་ཁི་མན་ཁ་ཞིའི་དངོས་ཡོད་གནས་ཚུལ་བཅོས་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཡུལ་ལུང་མཐའ་འཁོབ་ཞིག་ནས་སྐྱེས་པའི་བྱིས་པ་ལོང་པ་ཞིག་མུན་ནག་གི་འཚོ་བའི་ཁྲོད་རེ་ཐག་ཆད་ནས་ཡོད་སྐབས། ལོང་པའི་སློབ་གྲྭའི་དགེ་རྒན་ཞིག་གི་མཛུབ་སྟོན་དང་སྐུལ་ལྕག་འོག་ནས་རིམ་བཞིན་སེམས་ཁ་ཕྱེ་ཞིང་རེ་བ་སྐྱེས་ཏེ་རྣ་དབང་གིས་མིག་དབང་གི་ཚབ་བྱས་པ་བརྒྱུད། ཁོས་ད་གཟོད་ལོང་པ་ཡིན་ཡང་ལྷ་ཡུལ་མཐོང་བའི་མི་ཚད་ལྷ་ཡུལ་ཐོས་ཐུབ་པའི་གཏམ་རྒྱུད་ངོ་མཚར་བ་ཞིག་བརྗོད་ཡོད།


6.སའི་གོ་ལའི་ཐོག་གི་སྐར་མ།

p1046140026.jpg

《地球上的星星》

             གློག་བརྙན་འདིར་སློབ་མ་རིག་རྟུལ་ཞིག་ནམ་རྒྱུན་མི་ཚོས་གླེན་པ་གླེན་རྐྱང་དུ་མཐོང་མོད། འོན་ཀྱང་དགེ་རྒན་ཞིག་གིས་ཁོ་ལ་དམིགས་བསལ་གཟིགས་སྐྱོང་དང་ལྟ་རྟོག་བྱས་པས་མི་ཚད། ད་དུང་སྔར་ལས་ལྷག་པའི་སྒོ་ནས་ཁོའི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་པས། རིམ་བཞིན་ཕུལ་དུ་བྱུང་བའི་སློབ་མ་ཞིག་ཏུ་གྱུར་པ་བརྗོད་དེ། ང་ཚོར་སློབ་མ་རེ་རེ་ནི་མ་གཞི་ནས་མཚར་སྡུག་ལྡན་པའི་སྐར་མ་ཆུང་ཆུང་རེ་ཡིན་པ་བསྟན་ཡོད།


   7.དགེ་རྒན་ཨིག་ཀ་མ།

p2526113851.jpg

《嗝嗝老师》

            སྨྲ་བརྗོད་ལ་གནད་དོན་ཡོད་པའི་བུད་མེད་ཅིག་སེམས་ཐག་གཙང་བཅད་ངང་དགེ་རྒན་གྱི་ལས་རིགས་གདམ་རྒྱུའི་ཐག་བཅད། ཁོ་མོས་ཕམ་ཁ་ཐེངས་གང་མང་མྱངས་རྗེས་ད་གཟོད་དགེ་རྒན་གྱི་ལས་གནས་ཤིག་རེག འོན་ཏེ་ཁོ་མོར་བཀོད་སྒྲིག་བྱས་པ་ནི་སློབ་གྲྭའི་དེའི་འཛིན་གྲྭ་ཆེས་སྡུག་ཤོས་དང་རྒོད་ཤོས་ཡིན་ནའང་། ཁོ་མོའི་དཀའ་སྤྱད་འབད་བརྩོན་བརྒྱུད་ད་གཟོད་དགེ་སློབ་གཉིས་ཀྱི་བར་བླ་ན་མེད་པའི་མཛའ་བརྩེ་ཟབ་མོ་ཞིག་ཆགས་པའི་སྐོར་བརྗོད་ཡོད།


 8.གཡོ་འགུལ་རོལ་མོའི་སློབ་གྲྭ།

p2169147309.jpg

《摇滚学校》

             གློག་བརྙན་ཁྲོད་ཀྱི་དགེ་རྒན་དེ་ནི་སྲོལ་རྒྱུན་སློབ་གསོའི་སྟེང་ནས་བཤད་ན་དགེ་རྒན་ཚད་ལྡན་ཞིག་མིན་ངེས་མོད། འོན་ཀྱང་སློབ་གྲྭས་གཡོ་འགུལ་རོལ་མོའི་རུ་ཁག་འཛུགས་སྐབས། ཁོས་སློབ་མ་སོ་སོའི་ནུས་པ་སྔོག་འདོན་དང་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་ལས་བགོས་དང་མཉམ་འབྲེལ་ཡོང་དུ་བཅུག་པར་མ་ཟད། སོ་སོའི་འཇོན་ནུས་ངོམས་པར་བྱས་ནས་སློབ་མ་རེ་རེ་གཡོ་འགུལ་རོལ་མོ་ལ་བརྟེན་ནས་ཡིད་ཆེས་བསླངས་པས། ལྟ་མཁན་དག་ལ་དབང་མེད་དུ་སེམས་འགུལ་ཐེབས་པར་བྱེད།


 9.སྒོ་སམ།

p2306123676.jpg

《黑板》

              གློག་བརྙན་འདི་ནི་ནམ་ཡང་ལམ་ན་ཡོད་པའི་གཏམ་རྒྱུད་ཅིག་ཡིན། དགེ་རྒན་སྐོར་ཞིག་གིས་རྒྱུན་པར་རྒྱབ་ཏུ་སམ་ཊ་འཁུར་ནས་ཕྱོགས་བཞིར་སློབ་མ་འཚོལ་དུ་འགྲོ་བཞིན་ཡོད་ལ། མི་རིགས་ཤིག་གི་དཀའ་སྡུག་ནི་ཁོ་ཚོའི་ཕྲག་པས་འཁུར་ཐུབ་པ་ཞིག་ག་ལ་ཡིན་ཏེ། ཁོང་ཚོས་གླེན་ཞིང་རྨོངས་པའི་མི་རྣམས་ལ་ཤེས་བྱས་ལས་དབང་བསྒྱུར་ཐུབ་པའི་གནས་ལུགས་འཆད་རྩིས་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།


 10.ལྷ་ཡུལ་གྱི་ཁ་མདོག

 p1484017510.jpg

《天堂的颜色》

           མིག་ཟུང་ནི་ནང་སེམས་ཀྱི་སྒེའུ་ཁུང་ཡིན་ཞེས་པ་ནང་བཞིན། མིག་དབང་ལ་སྐྱོན་ཡོད་པའི་མོ་ཧན་མོ་ཏི་ལ་མཚོན་ན་ཡོད་ཚད་རྣ་དབང་དང་ལག་ཟུང་ལ་བརྟེན་ན་ད་གཟོད་མཚར་སྡུག་གི་འཇིག་རྟེན་འདི་ཉམས་སུ་མྱོང་ཐུབ། གློག་བརྙན་འདིར་ཡང་བྱིས་པ་དམིགས་བསལ་བ་ཞིག་གི་ནང་སེམས་ཀྱི་སྐོམ་གདུང་དང་སློབ་སྦྱོང་ལ་བཟུང་བའི་འདུན་པ། འོད་སྣང་དང་ཁ་མདོག་ལ་རེ་བའི་ཚོར་སྣང་ཟབ་མོ་དེ་གཅིག་ཏུ་བརྒྱུས་ཏེ་ལྷ་ཡུལ་གྱི་ཁ་མདོག་མཐོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། གློག་བརྙན་འདིས་ཕལ་བའི་མི་དག་གིས་རང་དགར་མྱོང་མི་ཐུབ་ཅིང་ཚོར་མི་ཐུབ་པའི་ཚོར་བ་དམིགས་བསལ་བ་ཞིག་མིག་མདུན་ལ་བཤམས་ཡོད།


གསལ་བཤད། 

རྩོམ་དབང་འདི་གར་ཡོད་པས།

ཆོག་མཆན་མེད་པར་གང་བྱུང་དགོད་མི་རིགས།


དཔྱད་མཆན་ཡོད།