སྔོན་གཏམ།
ད་བར་བོད་ཆེན་པོ་ལ་གློག་བརྙན་གྱི་ཚ་རླབས་རབ་ཏུ་འབར་བའི་སྒང་འདིར། ངས་གཙང་པོ་ཞེས་པའི་གློག་བརྙན་འདི་ངོ་ཤེས་ལ་དེའི་ཞོར་གྱིས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ཟེར་བའང་ཤེས་པ་ཡིན། དེའི་རྗེས་སུ་ངས་ཁོ་བོའི་བརྩམས་ཆོས་“དབུས་ལམ་གྱི་ཉི་མ་”དང་འཁྲབ་ཁྲིད་བྱས་པའི་“དྲི་མེད་ཀུན་ལྡན་འཚོལ་བ”དེ་དག་ལ་ཞིབ་ཚགས་ལྡན་པའི་སྒོ་ནས་བལྟས་ཏེ། དེ་དག་གི་བརྙན་མིག་སྒྱུ་རྩལ་དང་མཚོན་རྟགས་རང་བཞིན་སོགས་ཀྱི་སྒོ་ནས་སྔར་གློག་བརྙན་མེད་པའི་རྒྱལ་ཁབ་ལྟ་བུ་ཞིག་ལ་མཚོན་ན་ཤིན་ཏུ་ལེགས་པས་ང་རང་བོད་ཡིན་པས་ཧ་ཅང་དགའ་ཡོད། གཙང་བོར་བལྟས་རྗེས་མི་ཆུང་ང་འཁྲབ་ཁྲིད་པ་ཁོང་ལ་ཧ་ཅང་དགའ་མཁན་གྱི་མི་དེར་གྱུར་ཡོད།
བར་གཏམ།
བརྗོད་དོན་རགས་ཙམ་ཞིག་བཤད་པར་བྱའོ། །
ངས་གཙང་བོ་ལ་ཐེངས་མང་པོར་བལྟས་པ་ཡིན། དབྱངས་ཅན་ལྷ་མོ་ཞེས་པའི་བུ་མོ་ཆུང་ཆུང་དེ་གཙང་བོ་ཞེས་པའི་གློག་བརྙན་འདིར་མ་ཡོད་ཐབས་མེད་ཀྱི་མི་ཞིག་ཏུ་གྱུར་འདུག ཁོ་མོར་གཙང་བོ་དེར་མེད་ན་གཙང་བོ་ཞེས་པའི་མིང་འདི་ཡོད་ལ་དེ་ལས་བརྗོད་དོན་ཁ་གསལ་བོ་ཞིག་མེད་ངེས་རེད། ལོ་བཞིའི་སྔོན་གྱི་ཨ་མ་དེ་འཆི་ཁར་རང་གི་གཉེན་ཉེ་རུ་གྱུར་མྱོང་བའི་འཚམས་ཁང་ནང་གི་སྒོམ་པ་དེ་ཐུག་འདོད་ཀྱི་རེ་བ་འཆང་། གཉེན་ཐག་ལྟ་བུའི་བུ་ཕྲུག་དེ་མངགས་ནས་སོང་བ་ན་འཚམས་ཁང་ནང་གི་སྒོམ་པ་དེས་ད་“ང་ཐུག་རྒྱུ་མིན་དེས་རག་ལ་ངས་ཁོ་མོའི་ཆེད་དུ་གསོལ་འདེབས་དང་སྐྱབས་འཇུག་རེ་ཞུ་ཞེས་”བཤད། དེ་ནས་གོད་ཆགས་ཀྱི་སྡུག་རེས་འཁོར་ནས་ལོ་བཞི་འགོར་ཡོད། འདི་ན་མི་རབས་གསུམ་གྱི་གཏམ་རྒྱུད་ཡོད་ལ། ཨ་མྱེ་དང་ཨ་ཕ་དབྱངས་ཅན་ལྷ་མོ་དེ་མི་རབས་གསུམ་མོ།།གཙང་བོ་འདིའི་ཕར་ནང་གི་ཨ་མྱེ་དང་གཙང་བོ་དེའི་ཚུར་ནང་གི་ཨ་ཕ་གཉིས་ལོ་བཞིའི་སྔོན་གྱི་མཇུག་འབྲས་དེས་ཡོངས་སུ་བསྡམས་ཏེ་ཕ་བུའི་བརྩེ་འདང་མེད་པ་ཞིག་ཏུ་ཆགས་འདུག དབྱངས་ཅན་ལྷ་མོ་དང་ཨ་ཕའི་བར་ན་ཧ་ཅང་ལྐོག་གྱུར་གྱི་གཏམ་རྒྱུད་ཅིག་ཡོད་པའང་ལོ་བཞིའི་སྔོན་གྱི་བྱུང་བ་དེ་ཡིན།
ཁོ་མོས་ཤེས་ཀྱི་མེད་ནའང་གཙང་པོའི་ཕ་རོལ་གྱི་ཨ་མྱེ་ལ་ཐེངས་གཅིག་འཕྲད་རྗེས་ཁོ་མོར་ཨ་མྱེ་ལ་འདང་བརྩེ་ཟབ་མོ་ཆགས། ཡིན་ན་ར་ཁོ་མོས་ཨ་ཕ་ཨ་མྱེ་ལ་ཐུག་འདོདམེད་པའི་རྣམ་འགྱུར་དེ་རྒྱུས་ལོན་མ་བྱས་པས། ཉིན་ཞིག་ལ་བྱིས་པ་དེ་གས་དབྱངས་ཅན་ལྷ་མོ་ལ་བརྙས་བཅོས་བྱས་ཏེ་“ཁྱེད་ཚང་གི་ཨ་ཕར་ཨ་མྱེ་མ་དགོས་ནི་རེད་”ཅེས་བཤད། དེ་ནས་བཟུང་དབྱངས་ཅན་ལྷ་མོར་གཙང་བོའི་ཕ་རོལ་གྱི་ཨ་མྱེ་དང་ཨ་ཕའི་འགལ་འདུ་ཤེས་སུ་བཅུག
དེ་ནས་ཉེ་སྔོན་དབྱངས་ཅན་ལྷ་མོ་དང་ཨ་ཕ་གཉིས་ཨ་མྱེ་ལྟ་རུ་གཙང་བོ་དེའི་ཕ་རོལ་ཏུ་སོང་བ་ན་ཨ་ཕ་ཨ་མྱེ་ལ་མ་ཐུག་པར་ཕྱིར་འཁོར་ནས་ཡོང་བ་ཡིན། ཉིན་ཞིག་ལ་ཁོ་མོའི་གསང་བ་དེ་ཨ་མར་བཤད་ཤོར་བས་ཨ་མའི་ཨུ་ཚུགས་ཀྱིས་གཅོང་རོང་བརྒལ་དགོས་བྱུང་། དེའི་རྗེས་སུ་དབྱངས་ཅན་ལྷ་མོ་དང་ཨ་ཕ་གཉིས་ཡང་བསྐྱར་ཨ་མྱེ་ལ་ལྟ་རུ་སོང་བ་ཡིན། སྡེ་མི་ཞིག་གིས་ཨ་མྱེ་ཉེ་ལམ་“སྙུང་གཞི་ཕོག་ནས་རྫོང་སྨན་ཁང་དུ་བུད་ཐལ”་ཞེས་བཤད་ལ། དེ་ནས་ཁོང་གཉིས་རྫོང་སྨན་ཁང་དུ་སོང་། ཨ་མྱེའི་ཧ་ཅང་རང་མོས་གྱི་སྐད་ཆ་དང་གཤིས་ཀས་ཨ་ཕར་ཅུང་མི་དགའ་བའི་གནས་སུ་ལྷུང་། ཨ་མྱེ་སྨན་ཁང་དུ་བུད་དེ་ཁོང་ཚོར་ཕྱིར་ཡུལ་བར་ལོག་པ་ན་དེའི་བར་ནས་ཆར་གྱིས་བརྡུངས་ཏེ་ཉི་མར་ཕོག་པའི་གཙང་བོའི་ཉེ་འདབས་སུ་ལུས་དགོས་བྱུང་། ངས་ཚོད་ཚོད་ལ་འདི་ལྟར་བསམས་དབྱངས་ཅན་ལྷ་མོ་ནི་གཙང་བོ་འདིའི་ཟམ་པ་ལྟ་བུ་ཞིག་གོ།།།
མཇུག་གཏམ།
ངས་འདི་ནས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་(གཙང་བོ་)འདྲ་བའི་གློག་བརྙན་མང་པོ་ཞིག་མ་འོངས་པར་བོད་ལ་འབྱུང་བའི་རེ་བ་ཆེར་སྲིང་གི་ཡོད།
ཟུར་བཀོད།
«གཙང་བོ»ཡི་འཁྲབ་སྟོན་པ་དབྱངས་ཅན་ལྷ་མོ། http://www.filmtbt.com/people/actor/2015-06-18/432.html
དཔྱད་མཆན་ཡོད།