མོར་གྷན་ཧྥུ་རེ་མན། Morgan Freeman


   གལ་ཏེ་གནམ་བདག་གི་ངག་སྒོ་གང་ཟག་ཆེ་གེ་མོའི་རྒྱུད་དུ་འཕོས་ཡོད་ན།བསོད་ནམས་ཅན་གྱི་སྐྱེ་བོ་དེ་མོར་གྷན་ཧྥུ་རེ་མན་ལས་མ་འདས་ཤིང་།ཁོང་གི་ངོས་འཛིན་སླ་བའི་སྐད་གདངས་དང་ལྷན་སྐྱེས་ཀྱི་ལྗགས་རྩལ་ནི་མིའི་སེམས་གཅོང་འཇུ་བའི་གསོས་སྨན་རིགས་ཤིག་གི་རྗེས་སུ་འགྲོ་བ་གང་དེ་གློག་བརྙན་གྱི་འཁྲབ་ཚིག་ཀློག་པའི་དོན་དུ་སུ་ཞིག་གིས་བྱིན་གྱིས་བརླབས་པ་བཞིན།ཁོང་གིས་བཞེངས་བསྐྲུན་བྱས་པའི་དཔྱོད་ཤེས་བབས་ཆགས་ཀྱི་མི་སྣའི་སྣང་བརྙན་དག་དང་ལྷན་དུ་རྒྱ་ཆེའི་ལྟད་མོ་མཁན་གྱི་བོར་དུ་མེད་པའི་དྲན་འཛིན་གྱི་ཆ་ཤས་སུ་གྱུར་ཡོད་སྐད།ཁོང་ནི་ཧོ་ལེ་ཝུའི་སྔོ་ལྗང་གི་ཚལ་ན་ལྷང་ངེར་བུད་པའི་དམར་མདངས་ཀྱི་ཁྲ་ཐིག་དེ་ཡིན་པ་སུ་ཡིས་བསྙོན།
    འདི་ནས་ཁྱེད་ཅག་ལ་ཧྥུ་རེ་མན་གྱི་མི་ཚེའི་མྱོང་བརྒྱུད་རེ་རེ་བཞིན་མི་འགོད་པར་བྱ་སྟེ།ང་ཚོ་དགའ་ཞིང་དུངས་པ་ནི་བརྙན་རིས་ངོས་ཀྱི་ཁོང་གི་འཁྲབ་སྟོན་ལས།དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཁོང་གི་འགྲོ་འདུག་སྤྱོད་གསུམ་ནི་ང་ཚོའི་བློ་ཡི་འདྲེན་ཡུལ་དུ་མ་ངེས།དེ་ན་འདི་ནས་ང་ཚོས་ཁོང་གིས་གཙོ་འཁྲབ་བྱས་པའི་སྐད་གྲགས་ཅན་གྱི་གློག་བརྙན་གྱི་རྣམ་གྲངས་དགུ་ཙམ་འགོད་པར་བྱ།


1.jpg

༼ལྕམ་མོ་དྷེ་ཟིས་ལ་ཁ་ལོ་གནང་བ༽《为黛西小姐开车》

 

འཁྲབ་ཁྲིད་པ།བྷི་རོ་ཟི་བྷེ་རེ་སི་ཧྥོར་དྷི།

 

ཚིག་གཅིག་གི་གདེང་འཇོག ཧྥུ་རེ་མན་གྱི་འཇོན་ཐང་ལ་ཕྱི་རོལ་གྱིས་དོ་སྣང་བྱེད་པའི་འགོ་ཚུགས་པ།

 

༼དགོངས་ཡངས་མི་གཏོང་།༽《不可饶恕》无标题1.jpg

 

འཁྲབ་འཁྲིད་པ།ཁི་ལིན་ཐི་ཨེ་སི་ཐི་ཝུའུ་དྷི།

ཚིག་གཅིག་གི་གདེང་འཇོག ཨ་རིའི་ནུབ་རྒྱུད་གློག་བརྙན་གྱི་མཇུག་མ།ཨེ་སི་ཐི་ཝུའུ་དྷིའི་འཁྲབ་འཁྲིད་བརྩམས་ཆོས་དང་བོ།སྲོལ་རྒྱུན་གྱི་ནུབ་རྒྱུད་གློག་བརྙན་དང་ཁ་གཏད་དུ་འགྲེང་ནས་དེ་སྔའི་བརྙན་རིས་ངོས་ཀྱི་དཔའ་བོའི་ཕྱི་རྣམ་འཛིན་མཁན་དག་གི་སྐྱོ་གར་རང་བཞིན་གྱི་ལས་དབང་དམར་རྗེན་དུ་བཏང་ཞིང་མི་གཤིས་ཀྱི་འུ་ཐུག་པའི་གནས་བབས་ལ་གདུང་འབོད་བྱས་འདུག

 

༼ཁྲི་མུན་ལས་ཐར་བ༽《肖申克的救赎》无标题2.jpg

 

འཁྲབ་འཁྲིད་པ།ཧྥུ་རན་ཁི་དྷ་ར་བྷང་ཐི།

 

ཚིག་གཅིག་གི་གདེང་འཇོག  རང་དབང་དང་རེ་བའི་ཡང་སྙིང་ལ་ཞིབ་འགྲེལ་བྱས་པའི་དཔེ་གཞི་གསོན་པོ།ཧྥུ་རེ་མན་གྱི་གཟུགས་ཕྱིའི་གདངས་ཀྱི་དགེ་མཚན་ཡང་རྩེར་སོན་པ།
 

 

༼ཉོན་མོངས་རིགས་བདུན༽   《七宗罪》无标题3.jpg

 
འཁྲབ་འཁྲིད་པ།དྷེ་བིས་ཧྥེན་ཆར།

 

ཚིག་གཅིག་གི་གདེང་འཇོག   དྷེ་བིས་ཧྥེན་ཆར་རིང་ལུགས་ཀྱི་ཉེས་བཟོ་བྲེལ་སློང་རྣམ་པའི་གློག་བརྙན་གྱི་སྒོ་མོ་ཕྱེས་པའི་མཚོན་རྟགས།

 

 

༼མེ་སྒོར་འབུམ་ཕྲག་བཅུ་ཡི་གཅེས་ཕྲུག༽《百万美元宝贝》无标题4.jpg

 

འཁྲབ་འཁྲིད་པ། ཁི་ལིན་ཐི་ཨེ་སི་ཐི་ཝུའུ་དྷི།


ཚིག་གཅིག་གི་གདེང་འཇོག  མུར་མཛོག་གི་ལས་ལ་འཇུག་པའི་མི་སྐོར་ཞིག་གི་འཕར་ཆག་གི་ལས་དབང་བརྗོད་པ་བརྒྱུད་དེ་བརྩེ་བ་དང་འབྲེལ་བའི་གཏམ་རྒྱུད་ཅིག་མི་སེམས་ལ་ལྷོད་ཀྱིས་བཅུག་ཡོད་པ་དང་།ཧྥུ་རེ་མན་གྱིས་སྐབས་དོན་བདུན་པའི་ཨོ་ཟི་ཁའི་འཁྲབ་རོགས་རྩེ་གྲ་ཡི་གཟེངས་རྟགས་རག

无标题5.jpg༼ཚེ་ཇུག་གི་འདོད་འདུན༽《遗愿清单》

 

འཁྲབ་ཁྲིད་པ། རོ་བྷོ་རེ་ནཱ།

ཚིག་གཅིག་གི་གདེང་འཇོག ཚེ་མཇུག་གི་འཚོ་བའང་སྙུན་གཞི་བཅོས་ཐབས་མེད་པ་ཞིག་གིས་ཡུན་ཐུང་དུ་བཅད་པའི་བགྲེས་པོ་གཉིས་ཀྱིས་འཆི་བ་ལ་བཟུང་བའི་བག་དྲོ་བའི་རྣམ་འགྱུར་དེས་རང་ཚོའི་གསང་གནས་ཀྱི་འཇིགས་པ་རེ་ཞིག་ཞི་བར་འཇོམས་པ་ནི་གློག་བརྙན་འདིས་བཞག་པའི་གྲུབ་འབྲས་ཡ་མེད་དེ་ཡིན་པར་སེམས།

 

༼བྷེལ་ཨོ་གླིང་ཕྲན་གྱི་རྫུ་འཕྲུལ།༽《贝拉的魔法》无标题6.jpg

 

འཁྲབ་ཁྲིད་པ། རོ་བྷོ་རེ་ནཱ།

ཚིག་གཅིག་གི་གདེང་འཇོག ཧྥུ་རེ་མན་གཅིག་པུས་གློག་བརྙན་འདི་སྒལ་བས་བཀྱགས་ཡོད་དེ།མི་གཤིས་ཀྱི་དགེ་བའི་ཕྱོགས་དེ་ལ་བསྟོད་པ་འདྲེན་པའི་བརྗོད་བྱ་ནི་ཁོང་དང་རང་བཞིན་གྱིས་འཚམ་པོར་འདུག

 

༼ཞུམ་པ་མེད་པ༽《成事在人》无标题7.jpg

 

འཁྲབ་འཁྲིད་པ། ཁི་ལིན་ཐི་ཨེ་སི་ཐི་ཝུའུ་དྷི།

ཚིག་གཅིག་གི་གདེང་འཇོག  མན་དྷེ་ལཱ་མི་ཡུལ་དང་བྲལ་བའི་ཤུལ་དུ་ང་ཚོས་ཁོང་གི་རླབས་ཆེན་གྱི་མི་གཞིའི་སྙིང་སྟོབས་ལ་རྗེས་མཇལ་ཞུ་བའི་ཐབས་ལམ་ཡག་གྲས་ཤིག་ནི་གློག་བརྙན་འདིར་གཟིགས་པ་དེ་རུ་འདོད།

 

༼མཚན་རྒྱུ་བའི་སྔར་རྣམ་ལེའུ་གསུམ༽《蝙蝠侠前传三部曲》无标题8.jpg

 

འཁྲབ་ཁྲིད་པ།ཁུ་རེ་ཟི་ཐོ་ཧྥུ་ནོ་ལན།

ཚིག་གཅིག་གི་གདེང་འཇོག ནོ་ལན་གྱི་བརྩམས་ཆོས་འདི་ནི་ཚོང་ལས་དང་སྒྱུ་རྩལ་གྱི་ཕན་ནུས་ཆེས་ཆེར་སོན་པའི་གློག་བརྙན་ཞིག་ཡིན་ལ།ཧྥུ་རེ་མན་གྱི་ཐེ་ཞུགས་ཀྱིས་གློག་བརྙན་ཧྲིལ་བོའི་སྒྱུ་རྩལ་རྐྱེན་འགྱུར་ནུས་པ་དང་ཚོང་ལས་ཁེ་ཡོན་ལ་གཞོགས་འདེགས་གང་ལེགས་སྤྲད་ཡོད།
    
 


     མདོར་ན། མོར་གྷན་ཧྥུ་རེ་མན་ནི་རིག་བྱེད་ཀྱི་གཏམ་རྒྱུད་དུ་བཤད་པའི་དྲང་སྲོང་རྒན་པོ་བཞིན། ཚེ་སྲོག་གི་བདེན་པ་ནི་ཁོང་གི་ཏན་ཏིག་བབ་བརླིང་གི་འཁྲབ་སྟོན་ལས་མངོན་ཞིང་། ཁོང་གི་གློག་བརྙན་གྱི་ལམ་བུ་ནི་མི་ཚེའི་ཕྱེད་རྗེས་མ་ནས་འོད་གསལ་གྱི་ཕྱོགས་སུ་འགྱུར་འགོ་ཚུགས་ལ། ལོ་ཟླའི་འཕོ་འགྱུར་གྱིས་བྱུགས་ཤིང་འཚོ་བའི་ཉམས་མྱོང་གིས་གཏམས་པའི་ཁོང་གི་འཁྲུག་ཆ་དོད་པོའི་ངོ་གདོང་ནི་ང་ཚོས་བརྗེད་དུ་མེད་པ་གང་། སླད་ཕྱིན་ཁོང་གི་སྐུ་བསོད་ཀྱི་རླུང་རྟ་གཞོམ་གཞིག་དང་བྲལ་ཞིང་། ཁོང་གི་གློག་བརྙན་སྒྱུ་རྩལ་གྱི་འཕྲིན་ལས་སྔར་བས་རྒྱས་པའི་སྨོན་པ་ཞུ།


 ༼རྩོམ་འདི་རྩོམ་མཁན་ཉིད་ཀྱི་མོས་པ་བཞིན། བོད་སྐད་གློག་བརྙན་གྱི་འཕྲིན་སྟེགས༼གློག་བརྙན་ཁྲོད་གསོན་པའི་མི༽ཞེས་པ་

ལས་དྲངས་ཤིང་། འཕྲིན་སྟེགས་སྦྲེལ་གནས Live_Movie ཡིན་འདུག གྲོགས་པོ་བརྙན་ཞེན་པ་ཚང་མས་སྐད་འཕྲིན་སྒང་ནས་འཕྲིན་སྟེགས་འདི་ལ་དོ་སྣང་གནོངས་དང་འདི་འདྲའི་རྩོམ་ཐུང་ལྷག་པས་མང་།  ༽

དཔྱད་མཆན་ཡོད།