གློག་བརྙན་འཁྲབ་སྟོན་པ་གུར་མགོན་སྐྱབས་ལགས་འདས་གྲོངས་སུ་སོང་འདུག

50346.jpg

         བོད་ཀྱི་གློག་བརྙན་ལས་རིགས་ཁྲོད་ཀྱི་འབུར་ཏུ་ཐོན་པའི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། ལོ་རབས་སྔོན་མའི་བོད་ཀྱི་གློག་བརྙན་ཁྲོད་ལྟ་མཁན་ཁྲི་སྟོང་མང་པོར་བག་ཆགས་གཏིང་ཟབ་བཞག་པའི་གཞོན་སྐྱེས་འཁྲབ་སྟོན་པ་གུར་མགོན་སྐྱབས་ལགས་ཧྥ་རན་སི་ནས་ཕྱིར་ནང་རྒྱལ་དུ་ལོག་ནས་ཟླ་ངོ་གཅིག་ཙམ་ལས་འགོར་ཡོད་པ་མ་རེད། ཁོང་གི་སྐྱེས་ཡུལ་ནི་ཀན་ལྷོ་ཁུལ་གཙོས་ཁ་ཟག་སྡེ་བ་ནས་ཡིན་འདུག སྤྱི་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། ཁོང་ཀན་ལྷོ་གཙོས་ནས་བླ་བྲང་དུ་འགྲོ་བའི་ལམ་བར་ནས་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཚེ་ལས་འདས་སོང་བས། ཚང་མས་མ་ཎི་རིམ་གྲོ་རེ་བསྒྲུབ་རོགས་ཞུ། ཐུགས་ཆེ།

p2238295864.jpg

གློག་བརྙན་གྲགས་ཅན་༼ཧི་མ་ལ་ཡའི་༽བསྒྲགས་ཤོག

p2238295864.jpg

01455e5edcc31d951045997bf1617275.jpg

ཁོང་གིས་འཁྲབ་སྟོན་གནང་མྱོང་བའི་གློག་བརྙན་༼ཧི་མ་ལ་ཡ༽

 [CropImg]webwxgetmsgimg (1).jpg

            སྤྱི་ལོ་༢༠༡༦ལོའི་ཟླ་༦པའི་ཚེས་༢༦ཉིན་གྱི་ཆུ་ཚོད་གསུམ་ཙམ་གྱི་སྟེང་དུ། དུང་དུང་གློག་བརྙན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གློག་བརྙན་གཟིགས་འབུལ་དང་དཔྱད་གླེང་འདུ་ཚོགས་ཀྱི་ས་ཚིགས་གཉིས་པ་དེ་ཀན་ལྷོའི་གཙོད་གྲོང་དུ་འཚོགས་པའི་སྐབས་ཀྱི་འདྲ་པར།

webwxgetmsgimg.jpg

འདས་པོ་ཁོང་གི་ཉེ་ཆར་བླངས་པའི་འདྲ་པར།

 

དཔྱད་མཆན་ཡོད།