འཁྲབ་སྟོན་པ་སྒྲོལ་མ་སྐྱབས།

 ཕ་ཡུལ་མང་རྫོང་ནས་ཡིན་པའི་སྒྲོལ་མ་རྒྱལ་ནི་བོད་ཁམས་ཀུན་ལ་ཆ་རྒྱུས་ཡོད་པའི་གཞོན་སྐྱེས་འཁྲབ་སྟོན་པ་དང་བརྙན་ལེན་པ་ཞིག་ཡིན་ལ། ཁོ་ནི་ཞི་བདེ་ཉི་མའི་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་《མོ་སྟོན་ཕག་མགོ》ཡི་ནང་དུ་ཕག་ལོའི་བུ་ཆུང་དོན་འགྲུབ་འཁྲབ་མཁན་དང་། གློག་བརྙན་《སྒྲོལ་མའི་མགུལ་རྒྱན།》་ནང་དུ་སྐལ་བཟང་འཁྲབ་མཁན་མྱོང་། ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱི་གློག་བརྙན་《ལམ་འགྲོ་བ》འི་ནང་གི་ལམ་འགྲོ་བ་དང། ན་གཞོན་འཁྲབ་ཁྲིད་པ་དགོན་པ་ཐར་གྱི་གློག་བརྙན་《འུར་ཆ།》་ཡི་ནང་ཕྱུགས་རྫི་བུ་ཆུང་སོགས་འཁྲབ་ནས། བོད་མི་ལྟ་མཁན་གང་མང་གི་སེམས་སུ་བརྗེད་དཀའ་བའི་བག་ཆགས་བཞག་ཡོད།    

ཏ་ལྟ་ཁོ་རང་པེ་ཅིན་ཁ་བ་ཅན་གློག་བརྙན་ཀུང་ཟིའི་བརྙན་ལེན་པ་ཡིན་ལ། ཉེ་ལམ་བོད་ཀྱི་སྒྱུ་རྩལ་པ་ཞི་བདེ་ཉི་མའི་གློག་བརྙན་གསར་བ་《རླུང་།》་གི་བརྙན་ལེན་པ་དང་། དམེ་ཚང་རྟ་ཁོའི་གློག་བརྙན་《ལམ།》་གྱི་བརྙན་ལེན་པ། དགོན་པ་ཐར་གྱི་གློག་བརྙན་《འུར་ཆ།》་ཡི་བརྙན་ལེན་པ། བོད་ཀྱི་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་གློག་བརྙན་གསར་བ་《གཙང་པོའི་ཕ་རོལ།》་གྱི་བརྙན་ལེན་གཞོན་པ་སོགས་ཀྱི་འགན་འཁུར་མྱོང་། དེ་ལས་གཞན། ད་དུང་བོད་གཞས་མང་པོའི་MVསོགས་ཀྱི་བརྙན་ལེན་བྱེད་བཞིན་ཡོད་ལ། ཁོ་ནི་གློག་བརྙན་བརྙན་ལེན་དང་འཁྲབ་སྟོན་ཐད་སྦྱང་བརྩོན་བྱེད་བཞིན་ཡོད་པའི་གཞོན་སྐྱེས་ཕུགས་བསམ་ཅན་ཞིག་གོ།

དཔྱད་མཆན་ཡོད།